༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་མི་འགྱུར་ རྡོ་རྗེ་ལགས་དང་། སྤྱི་འཐུས་བློ་བཟང་རྒྱ་མཚོ་སྲི་ ཐར་ལགས་རྣམ་གཉིས་ནས་ཀེ་ར་ལ་ མངའ་སྡེའི་ནང་བོད་དོན་ཞུ་སྐུལ་ གནང་འགོ་འཛུགས་ཤིང་། དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་ ༨ པའི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་ གཉིས་ནས་རྒྱ་གར་གྲོས་ཚོགས་འོག་ མའི་འཐུས་མི་ཟུར་པ་དང་། (CPM) སྲིད་དོན་ཚོགས་པའི་ཚོགས་མི་སྐུ་ ཞབས་ཨེ་ཀེ་བྷ་ལན་ (Shri. A. K. Balan, CPM Central Committee member and former Lok Sabha member) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་ སྤྲོད་དང་། དེ་བཞིན་ཨིན་ཡིག་ཐོག་ཡོད་པའི་སྤྱི ་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་ཡིག་བཅས་ཕུལ་ཡོ ད་པ་དང་། དེ་རྗེས། ཀེ་ར་ལ་མངའ་སྡེའི་བྷི་ཇེ་པི་སྲི ད་དོན་ཚོགས་པའི་ཚོགས་གཙོ་སྐུ་ ཞབས་ཀེ་ སུ་རེན་དྷ་རན་ (Shri. K. Surendran, President, BJP Kerala) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་ སྤྲོད་དང་། བྷི་ཇེ་པི་དབུས་ཀྱི་དབུ་ཁྲིད་རྣ མ་པར་བོད་དོན་སྐོར་སོགས་སྙན་སེ ང་ཞུ་གནང་ཡོང་བའི་རེ་སྐུལ་ཞུས་ པར་སྐུ་ཞབས་ཁོང་གིས་ཞལ་བཞེས་ གནང་འདུག སྐུ་ཞབས་ཁོང་ལ་ཨིན་ཡིག་ཐོག་ཡོད་ པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོ ན་ཆེན་པོ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་ཡིག་བཅས་ཕུལ་ གནང་འདུག
གཞན་ཡང་རྒྱ་གར་གྲོས་ཚོགས་གོང་ མའི་འཐུས་མི་ཟུར་པ་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ མཆོག་གི་སྒེར་དྲུང་སྐུ་ཞབས་ཀེ་ཀེ་རཱ་གྷེ་ཤ་ (Shri. K. K. Ragesh, former MP of Rajya Sabha and Private secretary to the Chief Minister) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ མངའ་སྡེའི་ཞུ་སྐུལ་ལས་དོན་གྱི་ དགོས་དམིགས་སྐོར་འགྲེལ་བརྗོད་ གནང་འདུག
དེ་ཉིན་ཕྱི་དྲོ་བོད་མི་མང་སྤྱི་ འཐུས་རྣམ་པ་གཉིས་ནས་ཀེ་ར་ལ་མངའ་ སྡེའི་སྲིད་སྐྱོང་བཞུགས་གནས་སུ་ སྲིད་སྐྱོང་སྐུ་ཞབས་ཨ་རིབ་མོ་ཧ་མེ་དྷི་ཁན་ (Hon’ble Shri Arif Mohammed Khan, Governor of Kerala) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མངའ་ སྡེའི་ནང་བོད་དོན་ཞུ་སྐུལ་གྱི་ ལས་དོན་སྐོར་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟ ངས་ཐོག་ངོ་སྤྲོད་གནང་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཞུ་ཡིག་དང་། དྲན་རྟེན་ཕྱག་རྟགས་ཕུལ་གནང་ཞིང་ ། དགོང་དྲོ་མངའ་སྡེའི་སྲིད་སྐྱོང་ མཆོག་གིས་བོད་མི་མང་སྤྱི་འཐུས་ རྣམ་པར་གསོལ་སྟོན་ཞིག་བཤམས་པ་ དང་། སྐབས་དེར་སྤྱི་འཐུས་རྣམ་པ་གཉིས་ ནས་ཡུ་པི་མངའ་སྡེའི་དཔལ་འབྱོར་ དང་། གྲོས་ཚོགས་ཀྱི་ལས་དོན་བློན་ཆེན་ སྐུ་ཞབས་སུ་རེ་ཤི་ཁཱ་ན་ (Shri. Suresh Khanna, Minister of Finance and Parliamentary Affairs, Uttar Pradesh) མཆོག་དང་ལྷན་མཇལ་འཕྲད་གནང་འདུག
ཕྱི་ཚེས་ ༢༢ ཉིན་ཀེ་ར་ལ་མངའ་སྡེའི་ཀོང་རེ་སི ་སྲིད་དོན་ཚོགས་པའི་དྲུང་ཆེ་སྐུ ་ཞབས་ཇི་ཨེ་སི་བྷ་བུ་ (Shri. G. S. Babu) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ མངའ་སྡེ་ཁག་ནང་གི་བོད་དོན་ཞུ་སྐུ ལ་ལས་དོན་གྱི་དམིགས་ཡུལ་དང་། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟ ངས་ཁག་ངོ་སྤྲོད་གནང་ཡོད་པ་དང་། དེ་བཞིན་ཨིན་ཡིག་ཐོག་ཡོད་པའི་སྤྱི ་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ ་མཆོག་གི་མཛད་རྣམ་ “ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་།” དང་། ཚོགས་གཙོའི་མཚན་ཐོག་ནས་གནང་བའི་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་བོད་དོན་ཞུ་ཡིག་བཅས་ཕུལ་འདུ ག དེ་རྗེས་བོད་མི་མང་སྤྱི་འཐུས་རྣ མ་པས་ཝར་ཀ་ལ་ (Varkala) ས་གནས་སུ་ཡོད་པའི་བོད་རིགས་མང་ ཚོགས་ཀྱང་ཐུག་འཕྲད་གནང་ཡོད་པ་ བཅས། །