༄༅། །ཤེས་རིག་ལས་ཁུངས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གོ་སྒྲིག་ཞུ་གཏན་འཁེལ་བའི་བོད་དགེའི་འོས་སྦྱོང་དུ་འཛུལ་ཞུགས་སླད་འཚང་སྙན་འབུལ་དུས་ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༨ བར་ཕར་འགྱངས་ཞུ་རྒྱུ་དང་། དེ་སྔའི་བོད་དགེའི་འོས་སྦྱོང་གི་གསལ་བསྒྲགས་ནང་གསལ་དགོས་ངེས་ཆ་རྐྱེན། དོན་ཚན་ ༦། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡ ལ་རང་ལོ་ ༣༢ ལས་མ་བརྒལ་བ་དགོས་ཞེས་པ་དེ་ཕྱིར་འཐེན་གྱིས་འདེམས་སྒྲུག་སྐབས་ལོ་ཚད་དང་འབྲེལ་ཚད་འཛིན་བྱེད་ཕྱོགས་གཤམ་གསལ་ལྟར་ཡིན།
༡། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡ ལ་རང་ལོ་ ༣༢ བརྒལ་བ་རྣམས་ནས་ཀྱང་འཚང་སྙན་འབུལ་འཐུས།
༢། གལ་ཏེ་ཆ་རྐྱེན་ཚང་བའི་འཚང་སྙན་འབུལ་མཁན་གྱི་མི་གྲངས་ས་མིག་ལས་བརྒལ་ཚེ། ལོ་ཚད་ཆུང་བ་ནས་ཆེ་བའི་གོ་རིམ་བཞིན་འདེམས་སྒྲུག་བྱ་རྒྱུ།
དགོས་ངེས་ཆ་རྐྱེན་དུ་གོང་འཁོད་དོན་ཚན་གཉིས་ཁ་སྣོན་གྱིས་དོན་ཚན་གཞན་རྣམས་དེ་སྔའི་བོད་དགེའི་འོས་སྦྱོང་གི་གསལ་བསྒྲགས་ནང་གསལ་རང་སོར་གནས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༥ ལ།