༄༅། །ལ་དྭགས་དང་བྱང་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཅིག་ལྕོགས་པདྨ་བཟང་པོ་ལགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༥ ཉིན་སྡེ་ར་ལྡུན་བདེ་སྐྱིད་གླིང་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་འདེམས་ཐོན་ཚོགས་མི་གྲངས་ ༡༧ ནས་ཚོགས་མི་གྲངས་ ༡༥ དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་པདྨ་བསྟན་འཛིན་ལགས་དང་ཚོགས་གཞོན་དུ་བསྟན་འཛིན་ཆོས་འཕེལ་ལགས་བཅས་ནས་ས་གནས་ཁྲིམས་ཞིབ་པ་མདུན་དུ་ས་འཐུས་ཀྱི་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་དང་།
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། ས་གནས་ཁྲིམས་ཞིབ་པ་མཆོག་ནས་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་བྱུང་རིམ་དང་འཕེལ་རིམ། ངོ་བོ་དང་འགན་དབང་། ཁྲིམས་ཡིག་ཁག་གསུམ། ས་གནས་ཁྲིམས་ཞིབ་ཁང་ལ་ཐོག་མའི་གཏུག་བཤེར་གྱི་ཁྲིམས་ཁོངས་ཁྱབ་ཚད། ཁྲིམས་ཞིབ་བྱ་རྒྱུའི་གཞི་རྩའི་ཆ་རྐྱེན་བཅས་ཀྱི་ངོ་སྤྲོད་གནང་ཐུབ་པ་བྱུང་འདུག་པ་བཅས།།