
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༡༠།༠༠ ནས་ ༡༢།༣༠ བར་ནུབ་བྷེང་གྷལ་མངའ་སྡེའི་ཁོ ངས་རྡོར་གླིང་ས་གནས་སུ་ཆགས་པའི་ སེན་ཊི་ཇོ་སིབ་མཐོ་སློབ་ཁང་ (St. Joseph’s College) དུ་འཕགས་བོད་དབར་ལོ་རྒྱུས་དང་། རིག་གཞུང་འབྲེལ་བའི་སྐོར་ (India and Tibet: Historical Legacies and Cultural Connections) གྱི་ཚོགས་འདུ་ཞིག་བསྡུ་སྐོང་ཞུ ས་སྐབས་སློབ་སྤྱི་ཕ་དྷར་འབུམ་ རམས་པ་ཌོ་ན་ཊསེ་ཀུ་ཇུར་ཨེས་ཇེ་ (Fr. Dr. Donatus Kujur, S. J. Principal) མཆོག་ནས་སྤྱི་འཐུས་རྣམ་པར་ཁ་ བཏགས་ཕུལ་བ་དང་། སྤྱི་འཐུས་རྣམ་ལའི་ངོས་ནས་སློབ་ སྤྱི་ཕ་དྷར་མཆོག་ལ་མཇལ་དར་དང་། ཚོགས་གཙོའི་མཚན་འཁོད་སྤྱི་ལྷན་ གྱི་ཞུ་ཡིག ༸གོང་ས་མཆོག་གི་མཛད་རྣམ། ཞྭ་སྒབ་པའི་ལམ་ཡིག ཨིན་སྐད་དང་། ཧིན་སྐད། བལ་པོའི་སྐད་བཅས་ནང་འཁོད་པའི་བོ ད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣམས་ ཕུལ་བ་དང་། གསུང་བཤད་གནང་མཁན་སློབ་དཔོན་རྣ མ་ལའང་མཇལ་དར་ཕུལ།

སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོ ན་ལགས་ཀྱིས་འདས་པའི་ཉིན་གྲངས་ བཅུ་ཕྲག་ལྷག་ནང་སྤྱི་འཐུས་གསུམ་ ནས་ཀོལ་ཀ་ཏ་དང་། བྷུ་བུ་ནེ་ཤེ་ཝར་བཅས་སུ་ལས་དོན་ ཇི་སྤེལ་སྙིང་བསྡུས་དང་། རྡོར་གླིང་དུ་ལས་དོན་སྤེལ་དགོས་ དོན་ཡང་གྲོང་ཁྱེར་འདི་དང་བོད་ དབར་གནའ་རབས་ནས་ཆོས་དང་རིག་གཞུ ང། ཚོང་ལམ་སོགས་ཀྱི་འབྲེལ་བ་དམིགས་ བསལ་ཡོད་པས་གནད་འགག་ཆེན་པོ་ཆགས་ པའི་སྐོར། སྤྱི་ཡོངས་འཕགས་བོད་ཆོས་རིག་ཀྱི ་འབྲེལ་ལམ་སྐོར། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ བཅས་ངོ་སྤྲོད།
སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོ ངས་ཀྱི་ཚབ་བྱས་ཏེ་རྒྱ་གར་མངའ་སྡེ ་ཁག་ནང་བོད་དོན་ཞུ་སྐུལ་གནང་གི་ ཡོད་པའི་སྐོར་སོགས་ངོ་སྤྲོད་ གནང་། སྤྱི་ཚོགས་རིག་གནས་སྡེ་ཚན་གྱི་ སློབ་དཔོན་ལས་རོགས་འབུམ་རམས་པ་ ལྕམ་སྐུ་ ཤྲིས་ཊི་ཀཱ་ལཱ་ཆེའེ་ཏྲི་ (Dr. Shristi Kala Chettri, Asst. Prof., Dept, of Sociology) མཆོག་ནས་བོད་དོན་ལ་རྒྱབ་སྐྱོར་ དགོས་རྒྱུ་དེ་གལ་ཆེ་ཡིན་པའི་སྐོ ར་དང་། སྐྱབས་བཅོལ་བོད་མི་རྣམས་ཀྱིས་ང་ ཚོའི་སྤྱི་ཚོགས་ལ་ཆོས་དང་རིག་ གཞུང་གང་ཐད་ནས་ཕན་ཐོགས་ཆེན་པོ་ བྱུང་ཡོད་པའི་སྐོར་སོགས་ཀྱི་གསུ ང་བཤད་གནང་། སྲིད་དོན་ཚན་རིག་སྡེ་ཚན་གྱི་ འགན་འཛིན་སློབ་དཔོན་ལས་རོགས་འབུ མ་རམས་པ་སཱ་མིར་ཤར་མཱ་ (Dr. Samir Sharma, Head & Asst. Prof., Dept. of Political Science) མཆོག་ནས་ཁོ་རང་རྒྱ་ནག་ཏུ་འགྲོ་ མྱོང་བའི་སྐོར་དང་། རྒྱ་ནག་གིས་བོད་ལ་དཀའ་ངལ་སྤྲད་ པ་ནང་བཞིན། བལ་ཡུལ་དང་། བྷང་ལ་དྷེཤ། ཤྲི་ལངྐ་། འབྲུལ་ཡུལ་བཅས་སུ་བཙན་དབང་གཏོང་ གི་ཡོད་པའི་སྐོར། རྒྱ་ནག་གི་ལས་གཞི་གསར་པ་གྲངས་ འཛིན་དར་གོས་ཚོང་ལམ་ལ་དོ་སྣང་ དགོས་པ། ཏོག་དབྱིབས་ནད་ཡམས་སྐབས་འཛམ་གླི ང་སྤྱི་ཡོངས་ལ་རྒྱ་ནག་གིས་གཅིག་ སྡུད་དབང་འཛིན་བྱས་པ་སོགས་ལ་བརྟེ ན་ཚང་མས་རྒྱ་ནག་གི་གནད་དོན་སྐོ ར་ལ་དོ་ཁུར་དགོས་རྒྱུ། དམིགས་བསལ་ཁོ་རང་སྒེར་གྱི་ངོས་ ནས་༸གོང་ས་མཆོག་ཞལ་མ་བཞུགས་པའི་ གནས་ཚུལ་བྱུང་ཚེ་བོད་དོན་ལ་ཐུ གས་འཚབ་ཡོད་སྐོར་སོགས་ཀྱི་གསུང་ བཤད་གནང་།
འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེ ས་འཛིན་ཁང་གི་ཚོགས་གཞོན་འཇིགས་ མེད་ལགས་ནས་གཅེས་འཛིན་ཁང་དེའི་ བོད་དང་ཧི་མ་ལ་ཡའི་འགྲེམ་སྟོན་ ཁང་དུ་གཞོན་སྐྱེས་རྣམས་ཕེབས་ན་ བོད་ཀྱི་གནད་དོན་གང་ཅིའི་ཐད་རྒྱུ ས་མངའ་ཡོང་རྒྱུ་ཡིན་པའི་སྐོར་སོ གས་གསུངས། གཙོ་སྐྱོང་བ་འབུམ་རམས་པ་པ་ཋིག་རོཡེ་མཆོག་གིས་སྤྱི་འཐུས་རྣམས་ཀྱི་ གསུང་བཤད་སྙིང་དོན་བསྐྱར་ནན་དང་ ། དམིགས་བསལ་གཡུང་དྲུང་བོན་གྱི་སྤྱི ་འཐུས་འདིར་ཕེབས་ཡོད་པས་དེ་ལྟ་ བུའི་བོད་ཀྱི་གནའ་བོའི་རིག་གཞུ ང་གཅེས་འཛིན་གནང་ཐུབ་པ་དེ་ནི་ དགེ་མཚན་ཆེན་པོ་ཡིན་པའི་སྐོར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་གི་རླབས་ཆེན་གྱི་མཛད་འཕྲིན་ ཁག་ནི་གཞལ་དུ་མེད་པ་ཞིག་ཡིན་པ་ དང་། རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲི ད་བྱུས་ནི་དྲག་གནོན་དང་གདུག་རྩུ བ་ཅན་ཡིན་པ། གཞིས་བཞུགས་བོད་མི་རྣམས་ཀྱིས་མྱོ ང་བཞིན་པའི་དཀའ་སྡུག་ལ་གདུང་སེ མས་མཉམ་སྐྱེད་ཡོད་པ། རྒྱུན་དུ་བོད་དོན་སྐོར་གྱི་རྩོ མ་ཡིག་ལ་ཐུགས་སྣང་གནང་གི་ཡོད་པ་ དང་དགེ་སློབ་ཚང་མས་བོད་དོན་ལ་རྒྱ བ་སྐྱོར་དགོས་རྒྱུ་གལ་ཆེ་ཡིན་སྐོ ར་སོགས་ཀྱི་གསུང་བཤད་གནང་།
གསར་འགོད་ལས་རིགས་དང་རྒྱ་ཁྱབ་ འཕྲིན་སྤེལ་སྡེ་ཚན་གྱི་འགན་འཛི ན་སློབ་དཔོན་ལས་རོགས་ཝིཀ་རམ་རཡི་ (Mr. Vikram Rai, Head & Asst. Prof, Dept. of Mass Communication & Journalism) མཆོག་ནས་རྒྱ་གར་བོད་ཀྱི་གྲོགས་ པོ་ཚོགས་པ་དང་། རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུ ས་ལགས་ཀྱི་ལྷན་བོད་དོན་ལས་འགུལ་ ནང་མཉམ་ཞུགས་གནང་བའི་སྐོར་དང་། ཁོང་ཉིད་ཀྱི་ལས་ཀའི་ངོ་བོ་དང་ མཐུན་མིན་ལ་མ་ལྟོས་པར་བར་སྐབས་ བརྒྱུད་ལམ་སོགས་ནས་༸གོང་ས་མཆོག་ ལ་མཚན་སྨད་ཞུ་མཁན་བྱུང་བའི་དུས་ དེར་སྤྱི་ཚོགས་དྲ་རྒྱ་སོགས་ནང་ གདོང་དུ་ཐོན་ཏེ་བདེན་དོན་གསལ་ བཤད་གནང་བ་སོགས་ལས་འཕྲོས་ཏེ་ཐུ གས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོ ད་པ་རེད། སྐབས་དེའི་ཚོགས་ཐོག་ཏུ་དགེ་སློ བ་ ༡༣༠ ཙམ་ཕེབས་ཡོད་པ་རྣམས་ལ་བོད་དོན་ ཞུ་སྐུལ་གྱི་ཡིག་ཆ་རྣམས་འགྲེམ་ སྤེལ་ངནང་། གཞན་ཡང་ས་གནས་འགོ་འཛིན་མཆོག་དང་ ། སཾ་བྷོ་ཊ་སློབ་གྲྭའི་སློབ་སྤྱི་ སོགས་གནད་ཡོད་བོད་མི་ཁག་ཅིག་ མཉམ་ཞུགས་གནང་ཡོད། ཚོགས་འདུ་གྲོལ་མཚམས་མཐོ་སློབ་ཀྱི ་སྡེ་ཚན་ཁག་ལ་གཟིགས་སྐོར་དང་། སློབ་སྤྱི་མཆོག་ལ་གྱེས་མཇལ་ཞུས་ གནང་ཡོད།
ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་འཇམ་དབྱངས་བོད་ཀྱི་རིག་གཞུ ང་གཅེས་འཛིན་ཁང་གི་དཔེ་མཛོད་དུ་ རྡོར་གླིང་གྲོང་སྡེ་ལྷན་ཚོགས་ཀྱི ་སྤྱི་ཁྱབ་སྐུ་ཞབས་དྷི་པེན་ཋ་ཀུ་རི་ (Shri Dipen Thakuri Chairman, Municipality. Darjeeling) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་འཐུ ས་ལྷན་ཚོགས་ཀྱི་ཞུ་ཡིག་དང་། བོད་དོན་ཞུ་སྐུལ་གྱི་ཡིག་ཆ་རྣ མས་ཕུལ་ཞིང་། བོད་དོན་ལ་རྒྱབ་སྐྱོར་གནང་ཐབས་ དང་། ལྷག་པར་དུ་ས་གནས་འདིར་ཆགས་པའི་ བོད་མི་རྣམས་ལ་མཐུན་འགྱུར་རོགས་ རམ་ཡོང་ཐབས་སྐོར་སོགས་ཞུས་པ་དང་ ། ཁོང་ནས་ཛ་དྲག་ལས་དོན་དུ་མའི་ དབང་གིས་དུས་ཁོམ་དཀའ་ནའང་། ཁོང་ནི་བོད་གཞུང་སློབ་གྲྭ་འགྲི མ་མྱོང་མཁན་ཞིག་ཡིན་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོ ག་ལ་འདི་ཕྱི་གཏན་གྱི་སྐྱབས་གནས་ སུ་བརྩིས་ཏེ་བོད་མི་རྣམས་ལ་ནང་ མི་གཅིག་ནང་བཞིན་གྱི་ཤ་ཚ་ཞེན་ཁོ ག་ཡོད་མཁན་ཞིག་ཡིན་པས་དུས་ཚོད་ ཐུང་ངུ་ཞིག་ལས་བཏང་མ་ཐུབ་ནའང་ཆེ ད་བཅར་གནང་བ་ཡིན་སྐོར་དང་། རྒྱུན་དུ་བོད་མི་རྣམས་ལ་མཐུན་ འགྱུར་རོགས་རམ་གང་ཐུབ་གནང་གི་ཡོ ད་པ་མ་ཟད། མ་འོངས་པར་ཡང་དེ་བཞིན་གནང་རྒྱུ ར་ཐེ་ཚོམ་མི་དགོས་པ་དང་། བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་ ཐུབ་པའི་འབད་བརྩོན་གནང་རྒྱུ་ཡི ན་པ་སོགས་ཀྱི་ཞལ་བཞེས་གནང་འདུག དེ་རྗེས་སྤྱི་འཐུས་རྣམས་འཇམ་དབྱ ངས་བོད་ཀྱི་རིག་གཞུང་གཅེས་འཛིན་ ཁང་གི་བོད་དང་ཧི་མ་ལ་ཡའི་འགྲེམ་ སྟོན་ཁང་དུ་གཟིགས་སྐོར་ཕེབས་ཡོ ད།
དགོང་མོ་ཆུ་ཚོད་ ༧།༣༠ ཐོག་རྡོར་གླིང་དུ་ཡོད་པའི་བོད་ མིའི་གཞུང་འབྲེལ་མ་ཡིན་པའི་ཚོ གས་སྐྱིད་ཁག་ནས་དགོང་ཚིགས་འདེ གས་འབུལ་དང་བསྟུན། ཇི་ཊི་ཨེ་ཚོགས་པའི་སློབ་སྟོན་པ་རྒན་པ་སྐུ ་ཞབས་ ཨ་མར་བླ་མ་ (Shri Amar Lama, Principal Advisor, Gorkhaland Territorial Administration) (GTA) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་འཐུ ས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་། སྐད་རིགས་གསུམ་ནང་འཁོད་པའི་བོད་ དོན་ཞུ་སྐུལ་གྱི་ཡིག་ཆ་སོགས་ཕུ ལ་གནང་བ་དང་། ཁོང་གི་ལྷན་དུ་ཀོལ་ཀ་ཏའི་ཉེན་རྟོ ག་སྤྱི་ཁྱབ་ཟུར་པ་བསྟན་འཛིན་བྷོ ་ཊི་ཡ་ (Tenzing Bhutia, Retired Deputy Commissioner Of Kolkata Police) མཆོག་དང་། གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱ བ་ཟུར་པ་བསྟན་འཛིན་ཁམས་པ་ཆའེ་ (Tenzin Khampachay, Ex municipal commissioner) མཆོག་རྣམ་གཉིས་མཉམ་བཅར་ཡོད་པ་རྣ མས་སུ་སྤྱི་འཐུས་ལྷན་ཚོགས་ཀྱི་ བོད་དོན་ཞུ་སྐུལ་ལས་དོན་ངོ་སྤྲོ ད་དང་། བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས། རྡོར་གླིང་དུ་གནས་སྡོད་བོད་མི་ རྣམས་ལ་མཐུན་འགྱུར་རོགས་རམ་གནང་ སྐྱོང་ཡོང་བ་སོགས་ཀྱི་རེ་སྐུལ་ ཞུས་པས་དགའ་སྤྲོ་ཆེན་པོས་དང་ལེ ན་གནང་འདུག བོད་མིའི་སྒྲིག་འཛུགས་ཀྱི་གནས་ བབ་སྤྱི་དང་བྱེ་བྲག་སྐོར་སོགས་ ལ་བཀའ་འདྲི་གནང་བ་དང་། ཁོང་རྣམས་ཀྱི་མི་རྒྱུད་བོད་པ་ཡི ན་སྐོར་སོགས་ཆུ་ཚོད་གཉིས་ཙམ་རི ང་ནང་མོལ་ལྷུག་པོ་བྱུང་ཡོད་པ་ དང་། བོད་མིའི་གཞུང་འབྲེལ་དང་གཞུང་ འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི ་འགན་ཁུར་བ་རྣམས་ཀྱིས་དགའ་སྐྱེ ལ་གནང་བ་བཅས་ཀྱིས་ནུབ་བྷེལ་གྷལ་ མངའ་སྡེའི་ཁོངས་སུ་བོད་དོན་ཞུ་ སྐུལ་གྱི་ལས་དོན་མཇུལ་བསྒྲིལ་ཡོ ད་པ་དང་། ཕྱི་ཟླ་ ༨ ཚེས་ ༢༦ ནས་བཟུང་འབྲས་ལྗོངས་མངའ་སྡེའི་ རྒྱལ་ས་སྒང་ཏོག་ཏུ་བོད་དོན་ཞུ་ སྐུལ་གྱི་ལས་དོན་སྤེལ་རྒྱུ་ཡིན་ པ་བཅས། །