༄༅། །ཉེ་ལམ་ཧི་མ་ཅལ་མངའ་སྡེའི་ཁུལ་དུ་ཆར་ཞོད་རྐྱེན་པས་བོད་མི་འདུས་སྡོད་ས་གནས་ཁག་ཅིག་ལ་དཀའ་ངལ་འཕྲད་ཡོད་པ་ལྟར། བོན་གཞིས་ཊོ་ལན་ཇི་ནང་ཁུལ་དུ་ཡོད་པའི་འཁོར་ལམ་རིང་ཚད་ཀི་ལོ་མི་ཊར་གསུམ་དང་ཕྱེད་ཀ་ཡོད་པ་དེ་བཞིན་ས་ཚིགས་༡༢ ཙམ་ལ་གཏོར་སྐྱོན་བྱུང་བ་མ་ཟད། གྲོང་པ་ལྔའི་ཁང་པ་དང་སྒོ་རའི་རྡོ་རྩིག་ཞིག་པ་སོགས་ཀྱི་དཀའ་ངལ་བྱུང་བར་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༣༡ ཉིན་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་། ཨར་བཟོ་ཁྱད་ལས་པ་བསྟན་འཛིན་དབང་རྒྱལ་ལགས་གཉིས་ས་གནས་སུ་ཆེད་ཕེབས་ཀྱིས་གནས་སྟངས་རྟོགས་ཞིབ་དང་། ས་གནས་མི་མང་ལྷན་གྲོས་བསྡུར་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།