དེ་ཡང་སྔ་དྲོ་དབུ་འབྱེད་མཛད་སྒོ འི་སྐུ་མགྲོན་གཙོ་བོར་དཔལ་ལྡན་ བོད་མི་མང་སྤྱི་འཐུས་ཚོགས་གཙོ་ མཁན་པོ་བསོད་ནམས་བསྟན་འཕེལ་མཆོ ག་དང་། དམིགས་བསལ་སྐུ་མགྲོན་དུ་ཕྱི་དྲི ལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེ ར་ཁང་གི་སློབ་སྤྱི་པ་སངས་ཚེ་རི ང་ལགས། རྒྱ་བལ་གཉིས་ནས་ཕེབས་པའི་ན་གཞོ ན་ཉམས་ཞིབ་པ་རྣམ་པ་བཅས་ཕེབས་འདུ ག
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ ལྡན་བོད་མི་མང་སྤྱི་འཐུས་ཚོགས་ གཙོ་མཆོག་གིས་ཐོག་མར་འཚམས་འདྲི་ དང་སྦྲགས་གསུང་བཤད་གནང་དོན། རྩ་བའི་གོང་དུ་སྲིད་བྱུས་ཉམས་ཞི བ་ཁང་གི་འགན་འཛིན་ནས་གསུངས་པ་ལྟ ར་ང་ཚོར་ཉམས་ཞིབ་མ་འདང་བ་གསལ་པོ ་རེད། དེ་ཚོའི་ཐོག་ལ་ནུས་པ་གོང་མཐོར་ གཏོང་དགོས་པ་དེ་གནད་འགག་ཅིག་ ཆགས་ཀྱི་འདུག དེ་བཞིན་ཕྱི་དྲིལ་དྲུང་ཆེ་ནས་ གསུངས་པ་ལྟར་ང་ཚོའི་རིག་གཞུང་དེ ་གལ་ཆེན་པོ་ཡིན་པ་གང་ཞིག་ལ་དེ་ རྩ་ཆེན་པོ་རེད་ཟེར་ནས་མ་བཞག་པར་ ང་ཚོ་དང་འབྲེལ་བ་ཡོད་མཁན་ཚོར་ཁྱ བ་སྤེལ་བྱེད་ཐུབ་རྒྱུའི་དགོངས་ པ་བཞེས་དགོས་པ་གལ་ཆེན་པོ་རེད་ འདུག ང་ཚོ་བོད་ཀྱི་ཆབ་སྲིད་ཀྱི་འགྱུ ར་འགྲོས་ནང་ཉམས་མྱོང་འདྲ་པོ་ག་ རེ་སླེབས་བསྡད་ཀྱི་འདུག་ཟེར་ན། རྩ་བའི་ལོ་རྒྱུས་ཐོག་ནས་བོད་རང་ བཙན་ཡིན་པ་གསལ་པོ་རེད། ཡིན་ནའང་དུས་རབས་ཉི་ཤུའི་གཡས་ གཡོན་ལ་ང་ཚོའི་ཕྱི་འབྲེལ་གྱི་སྲི ད་བྱུས་ཇི་བཞིན་བྱུང་མ་ཐུབ་པར་ བརྟེན་ནས་ཕྱིའི་རྒྱབ་སྐྱོར་འཚོ ལ་བ་ཡིན་ནའང་ཁག་པོ་བྱུང་བ་དང་། ང་རང་ཚོའི་ངོས་ནས་ཀྱང་ཚགས་ཚུད་ པོ་བྱས་མ་ཐུབ་པའི་གནས་སྟངས་བཅས་ ལ་བརྟེན་ནས་ད་ལྟའི་གནས་བབ་བྱུང་ བ་དེང་སང་ཉམས་ཞིབ་པ་མང་པོ་ཞིག་ གིས་ངོས་འཛིན་གསལ་པོ་བྱེད་ཀྱི་ ཡོད་རེད། ང་ཚོར་ཡོད་པ་གང་ཞིག་ལ་དེ་རྒྱ་སྐྱེ ད་འདྲ་པོ་བྱེད་མ་ཐུབ་པའི་ཐོག་ ནས་འཐུས་ཤོར་ཕྱིན་འདུག ང་ཚོར་ནོར་བུ་ཡོད་པ་དེ་ནོར་ཉམས་ ཆོད་པ་ཞིག་དང་། དེ་མི་གཞན་གྱིས་ཤེས་དགོས་པ་བཟོ་ རྒྱུ་གལ་ཆེན་པོ་རེད་འདུག གོང་དུ་ཁོང་རྣམ་པ་གཉིས་ནས་གསུ ངས་པ་དེ་གལ་ཆེན་པོ་འདྲ་ཞིག་མཐོ ང་ནས་རྣམ་པ་ཚོའི་དགོངས་པའི་དཔྱ ད་གཞིར་དྲན་སྐུལ་འདྲ་པོ་ཞུས་ན་ བསམས་བྱུང་།
རྩ་བའི་རྣམ་པ་ཚོས་སྡེ་ཚན་མང་པོ་ ཞིག་ལ་སློབ་སྦྱོང་གནང་ནས་ད་ཆ་གྲུ བ་འབྲས་ཐོན་ཏེ། ཤེས་ཚད་ཆ་ནས་རང་རྐྱ་འཕེལ་བ་ཞིག་ དང་སོ་སོའི་རྐང་པའི་སྒང་ལ་ལངས་ ཐུབ་མཁན་ཞིག་ཆགས་བསྡད་ཡོད། དེས་མ་ཟད། ང་ཚོའི་ངོས་ནས་ཡིད་ཆེས་དང་། ཆ་འཇོག་བྱེད་དགོས་ས་ཞིག་ཀྱང་ ཆགས་བསྡད་ཡོད་རེད། རྩ་བའི་རྣམ་པ་ཚོ་སོ་སོའི་ངོས་ ནས་རྒྱུན་དུ་ཉམས་ཞིབ་གང་གནང་བ་ ཡིན་ནའང་དེའི་གྲུབ་འབྲས་འདོན་རྒྱུ འི་ཐབས་ཤེས་གནང་སྡོད་ཀྱི་ཡོད་དུ ས། ད་རེས་སྡིངས་ཆ་འདིའི་ཐོག་ལ་ཉམས་ ཞིབ་ཀྱི་གྲུབ་དོན་དང་། བསམ་ཚུལ་རྣམས་གསུང་ཐུབ་པ་ཡིན་ན། དེ་མི་མང་པོ་ཞིག་གི་དགོངས་པའི་ དཔྱད་གཞི་ལྟ་བུར་ཆགས་ཀྱི་རེད། རིམ་པས་དེ་རྒྱ་ཆེ་རུ་ཕྱིན་ནས་སྤྱི ་ཚོགས་ཁྱོན་ཡོངས་ཀྱི་ལུང་འདྲེན་ བྱ་སའམ་ཁུངས་གཏུགས་ས་འདྲ་པོ་ ཆགས་འགྲོ་ཡི་རེད། གནའ་སྔ་མོ་རྒྱ་གར་གྱི་དཔལ་ན་ལེ ནྜ་གཙུག་ལག་སློབ་གཉེར་ཁང་འདི་ཉི ད་ཆོས་ཕྱོགས་དང་། རིག་གཞུང་ཐོག་ནས་བཤད་ན་གལ་ཆེན་ པོ་ཞིག་ཆགས་ཀྱི་ཡོད་པ་དང་། དེ་བཞིན་ང་ཚོ་བོད་ལ་ཆ་བཞག་ན། དུས་རབས་བརྒྱད་པའི་ནང་བསམ་ཡས་ གཙུག་ལག་ཁང་ནང་སྡེ་ཚན་མང་པོར་ཕྱེ ་ནས་སློབ་སྦྱོང་གནང་ས་ཡོད་བསྡད་ དུས་མཐོ་སློབ་འདྲ་པོར་ཆ་བཞག་ན་ མ་འགྲིག་པ་མི་འདུག དེ་ནས་བོད་ཀྱི་གནས་བབ་ལ་བལྟས་པ་ ཡིན་ན། བོད་ཀྱི་དགོན་སྡེ་ཁག་དང་འབྲེལ་ བའི་ཐོག་ནས་གྲྭ་བཙུན་རྣམ་པས་བོ ད་ཀྱི་རིག་གནས་བཅུའི་ཐོག་སློབ་ སྦྱོང་གནང་བ་མ་གཏོགས་སྐྱ་བོ་ཚོ ས་སློབ་སྦྱོང་གནང་སའི་བསྟི་གནས་ ལྟ་བུ་མེད་པ་དང་། སློབ་སྦྱོང་གི་གོ་སྐབས་མེད་པར་ མ་ཟད། དེར་དོ་སྣང་ཡང་གནང་མཁན་མེད་པ་ འདྲ་པོ་ཆགས་བསྡད་འདུག ང་ཚོས་ཡིག་ཆ་མཐོང་བསྡད་པའི་གནས་ བབ་ལ་བལྟས་པ་ཡིན་ན། དེ་ཡིན་དུས་ད་ལྟའི་དུས་ཚོད་ལ་རྒྱ ལ་སྤྱིའི་འགྲོ་སྟངས་ལ་བལྟས་ནས་ ང་རང་ཚོའི་གནས་བབ་དེ་འདྲ་བ་ཡོང་ ཐུབ་རྒྱུར་ཚང་མས་འབད་བརྩོན་བྱེ ད་ཀྱི་ཡོད་རེད་ལ། གོ་སྐབས་ཀྱང་བསྐྲུན་གྱི་ཡོད་རེ ད། དེ་ནང་བཞིན་རྣམ་པ་ཚོས་མཉམ་ཞུགས་ བྱེད་ཀྱི་ཡོད་པས། དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ ཡོད་རེད། ནུབ་ཕྱོགས་ཨ་རི་དང་། ཡུ་རོབ་ཀྱི་གཙུག་ལག་སློབ་གཉེར་ ཁང་དེ་འདྲའི་ནང་སློབ་སྦྱོང་གི་ སྡེ་ཚན་མང་པོར་ཕྱེ་ནས་ཉམས་ཞིབ་ བྱས་ཏེ་གྲུབ་འབྲས་བཏོན་ཚར་བའི་ རྗེས་ལ། མ་འོངས་པར་དེ་ལས་ལྷག་པའི་ཉམས་ཞི བ་ཀྱི་གྲུབ་དོན་ཞིག་མ་འདོན་པར། དེ་ནས་བཏོན་པའི་ཉམས་ཞིབ་ཀྱི་གྲུ བ་དོན་དང་། མཐོང་ཚུལ་གང་ཡོད་པ་དེར་ཚང་མས་ལུ ང་འདྲེན་བྱས་ནས་ཆ་བཞག་གི་ཡོད་པ་ མ་ཟད། དེ་ཁུངས་གཏུགས་ས་འདྲ་པོ་ཆགས་འགྲོ ་གི་འདུག དེ་ཚོའི་གྲས་གནད་འགག་ཆེན་པོ་མཐོ ང་གི་འདུག རྣམ་པ་ཚོས་ཉམས་ཞིབ་བྱས་རྗེས་དཔྱ ད་རྩོམ་བྲིས་ཏེ་སྒྲོག་སྦྱངས་ གནང་གི་ཡོད་པ་དང་། དེར་ཐུན་མོང་གི་བལྟ་སྟངས་ཤིག་སླེ བས་པ་ཡིན་ན། དེ་མ་འོངས་པར་ལུང་འདྲེན་བྱེད་ཐུ བ་པ་དགོས་པ་དང་། རྒྱ་ཆེ་རུ་གཏོང་དགོས་པ་དེ་གལ་ཆེ ན་པོ་རེད། ས་སྐྱ་ལེགས་བཤད་ལ་བལྟས་པ་ཡིན་ན། ང་ཚོ་བོད་པར་ས་སྐྱ་པཎ་ཆེན་གྱིས་ སློབ་སྦྱོང་བྱ་རྒྱུའི་སྐུལ་མ་ མང་པོ་བཏང་འདུག ཕྱོགས་གཅིག་ནས་ང་ཚོའི་མི་རིགས་ འདིར་ང་རྒྱལ་ཟེར་ན་མི་འདུག རང་མཐོང་ཆེན་པོ་ཡོད་པ་འདྲ་པོ་ འདུག དེ་ཡིན་དུས། དེ་ཚོའི་གྲས་ཉུང་དུ་གཏོང་དགོས་ པ་དང་། ལྷག་པར་དུ་ཉམས་ཞིབ་པ་ཚོས་དེ་ངེ ས་པར་དུ་ཉུང་དུ་གཏོང་དགོས་པ་གལ་ ཆེན་པོ་རེད། དངོས་པོའི་ཐོག་ནས་ར་སྤྲོད་དང་། ཡིག་ཆའི་ཐོག་ནས་རྒྱུ་མཚན་གང་ཤོ ད་ཀྱི་ཡོད་པ་དེ་རྒྱུ་མཚན་བྱེད་ དགོས་པ་ལས། སོ་སོས་མཐོང་བ་དང་། བསམ་བློ་གཅིག་པུ་ཁུར་བསྡད་པ་ཡི ན་ན། དེས་ཉམས་ཞིབ་པ་ཚད་ལྡན་ཞིག་ལ་འགྲོ ་མི་ཐུབ་པ་གསལ་པོ་རེད།
རྣམ་པ་ཚོའི་དཔྱད་རྩོམ་ལ་བལྟས་ཡོ ང་དུས་མང་ཆེ་བ་ལོ་རྒྱུས་དང་། ནང་ཆོས། ཚད་མ་རིག་པ། བརྡ་སྤྲོད་རིག་པ་བཅས་བོད་ཀྱི་རི ག་གནས་མང་ཆེ་བ་དང་འབྲེལ་བ་འདུག དེ་ཚོའི་གྲས་ཡག་པོ་ཞེ་པོ་ཆགས་ བསྡད་འདུག ལོ་རྒྱུས་ཟེར་བ་དེར་མཁས་པ་མང་པོ ་ཞིག་གི་ཤོད་སྟངས་མི་འདྲ་བ་ཡོད་ རེད་བསམ་གྱི་འདུག ཀློང་ཆེན་པས་སྙིང་ཐིག་གི་ལོ་རྒྱུ ས་ཆེན་མོའི་ནང་ལོགས་ལ། ལོ་དུ་མ་ལོན་ཀྱང་རྒྱུས་ད་ལྟའི་ མི་ལྟར་ཡོད་པ་ལ་ལོ་རྒྱུས་ཞེས་ གསུངས་ཡོད་རེད། ཨིན་ཇིའི་ནང་གི་ (History) དང་། བོད་སྐད་ནང་ལོ་རྒྱུས་ཟེར་བ་དེ་ ཏག་ཏག་བསྡད་ཀྱི་མི་འདུག་གསུང་ མཁན་ཡང་འདུག ལོ་རྒྱུས་དང་འབྲེལ་བ་ཡོད་མཁན་ལྟ ་བུ་རྣམ་ཐར་དང་། རྟོགས་བརྗོད། སྐྱེས་རབས་སོགས་ཡོད། གསུང་རབ་ཡན་ལག་བཅུ་གཉིས་ནང་དེ་ ལྟ་བྱུང་བ་ཞེས་འདུལ་བའི་གཞུང་ ནང་གླེང་གཞི་དང་དེར་བཅས་པ་མཛད་ ཚུལ་བཅས་ཡོད། ངས་སྦྱངས་པའི་རྒྱལ་རབས་ལོ་རྒྱུ ས་ལ་བལྟས་པ་ཡིན་ན། ནང་དོན་མང་ཆེ་བ་ཞིག་ཆོས་འབྱུང་ གི་རྣམ་པ་འདྲ་པོ་ཐོན་ཡོང་གི་འདུ ག དེས་མ་འགྲིག་པ་མེད་ཀྱང་། སྐབས་དེ་དུས་སྤྱི་ཚོགས་ཀྱི་བྱུ ང་བ་ངོ་མ་དེ་མཐོང་ཐུབ་དགོས་པ་ གལ་ཆེན་པོ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་ ཆ་བཞག་པ་ཡིན་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་ བཟའ་དང་། བལ་བཟའ་བཙུན་མོར་བསུས་ནས་ཇོ་བོ་ རྣམ་གཉིས་གདན་འདྲེན་ཞུས་པ་དང་། ཁྱིམ་མཚེས་རྒྱལ་ཁབ་མཉམ་དུ་མཐུན་ ལམ་རྒྱ་ཆེ་རུ་བཏང་བ་སོགས་ལོ་རྒྱུ ས་ནང་འཁོད་ཡོད། དེ་བཞིན་སྲོང་བཙན་སྒམ་པོའི་སྐ བས་ལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ དབང་བསྒྱུར་བྱེད་སྟངས་གང་ལ་གང་ འཚམ་ཡོད་རེད། སྐབས་དེ་དུས་ས་མཚམས་ཟེར་བ་དེ་ བཀའ་མོལ་ཞེ་པོ་བྱུང་མི་འདུག དེའི་རྗེས་ལ་ཁྲི་སྲོང་ལྡེའུ་ བཙན་སྐབས་ལ་ས་མཚམས་ཀྱི་བཀའ་མོལ་ ཡོང་གི་འདུག ཁྲི་རལ་པའི་སྐབས་ལ་ས་མཚམས་ཀྱི་ བཀའ་མོལ་ཡོང་བ་ཙམ་མ་ཟད་རྡོ་རིང་ བཙུགས་པ་སོགས་ས་མཚམས་སྐོར་ལ་དེ་ བས་ཤུགས་ཆེ་རུ་ཕྱིན་འདུག དེ་ཚོའི་ཐོག་ལ་བསམ་བློ་གཏོང་དགོ ས་པ་གལ་ཆེན་པོ་རེད་འདུག
ཆོས་ཕྱོགས་ཐོག་ནས་བསམ་བློ་བཏང་ བ་ཡིན་ན། དུས་རབས་བརྒྱ་ཕྲག་དང་པོ་གཉིས་ པའི་ནང་ཧན་རྒྱལ་རབས་སྐབས་རྒྱ་ ནག་ལ་ནང་ཆོས་དར་འགོ་ཚུགས་ཏེ་རི མ་པས་ཐང་རྒྱལ་རབས་སྐབས་ཤུགས་ཆེ ན་པོ་ཆགས་པ་དང་། བོད་ལ་དུས་རབས་བརྒྱད་པའི་སྐབས་ ནང་ཆོས་ཤུགས་ཆེ་ཤོས་དར་བ་འདྲ་པོ ་རེད། ཡིན་ནའང་སྐབས་དེ་དུས་བོད་ཀྱི་ ནང་ཆོས་ཀྱི་ཐོག་ནས་རྒྱ་ནག་ལ་ཤུ གས་རྐྱེན་བྱུང་མེད་པ་འདྲ་པོ་འདུ ག དེས་མ་ཟད་རྒྱ་ནག་ནས་བསམ་གཏན་པ་ དེ་འདྲ་བོད་དུ་ཡོང་ནས་བཙན་པོས་ དཔང་པོར་བྱས་ནས་པཎྜི་ཏ་དང་ཧ་ཤང་ དབར་བགྲོ་གླེང་གིས་མཐར་ཧ་ཤང་རྒྱ ་ཡུལ་དུ་ཕེབས་དགོས་བྱུང་བ་གསལ་ གྱི་ཡོད། རྗེས་སུ་སོག་པོ་ཡོན་རྒྱལ་རབས་ཀྱི ་སྐབས་སུ་བོད་ཀྱི་ནང་ཆོས་ཀྱི་ཤུ གས་རྐྱེན་ཆེན་པོ་སླེབས་ཡོད་པ་ དང་། དེ་རྗེས་ཆིང་རྒྱལ་རབས། ད་ལྟའི་བར་བོད་ཀྱི་ནང་ཆོས་ཀྱི་ ཐོག་ནས་རྒྱ་ནག་ནང་ལ་བག་ཆགས་འཇོ ག་སྟངས་འགྱུར་བ་འགྲོ་ཡོད་པ་གསལ་ པོ་རེད། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐ བས་བོད་ཀྱི་ཆབ་དཔལ་རིག་གསུམ་རྩེ ་མོར་སོན་པ་འདྲ་པོ་ཞིག་ཡིན་ཀྱང་ ། ང་ཚོས་དེ་ཕྱིར་སྟོན་ཐུབ་ཡོད་མ་ རེད། དེང་སང་གྱི་ཤོད་སྟངས་ལ་ (Civilization) དཔལ་ཡོན་ཟེར་ནས་ཤོད་བསྡད་ཀྱི་ འདུག འཛམ་གླིང་ནང་བལྟས་པ་ཡིན་ན། ཨི་ཇིབ་ཨ་རབ་ཀྱི་ལུང་པ་དང་། རྒྱ་གར། རྒྱ་ནག གྷི་རི་སི་དེ་ཚོ་བཤད་ཡོང་དུས། དཔལ་ཡོན་རིང་པོ་ཞིག་ནས་དར་བའི་ སྐོར་འགྲེལ་བཤད་ཞེ་དྲག་རྒྱག་མི་ དགོས་པར་གསལ་པོར་ཡོང་གི་འདུག བོད་ལ་ཆ་བཞག་ན། ཆབ་མདོའི་ཁ་རུབ་གྲོང་ཚོའི་ནང་ ནས་རྡོ་ཆས་རྙེད་སོན་བྱུང་བ་དང་། དེ་བཞིན་ཕྱིས་སུ་བོད་ནང་ནས་གནའ་ རྫས་རྙིང་པ་རྙེད་སོན་བྱུང་ཡོད་ པ་དེ་ཚོར་བརྟག་དཔྱད་བྱེད་དུས། ལོ་སྟོང་ཕྲག་མང་པོ་སོང་ཡོད་པའི་ སྐོར་བཤད་ཡོང་གི་ཡོད་ཀྱང་། དེ་ཚོའི་གྲས་རྒྱལ་སྤྱིའི་ནང་ཇི་ བཞིན་སྟོན་ཐུབ་མེད་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ ཆ་འཇོག་བྱེད་ཐུབ་ཀྱི་ཡོད་མ་རེད། ཆ་འཇོག་ཡོང་ཐབས་ཀྱི་གནས་བབ་དེ་ ང་ཚོས་ཇི་ལྟར་བཟོ་དགོས་འདུག ང་ཚོར་ཡོད་རེད་ཟེར་བ་ཙམ་མ་ཡིན་ པར། དེ་བསྟན་མ་ཐུབ་པའི་རྒྱུ་མཚན་གང་ ཡིན་པ། ཆ་མ་འཇོག་པའི་རྒྱུ་མཚན་གང་ཡིན་ པ་དེ་གསལ་པོ་ཤོད་ཐུབ་རྒྱུར་གང་ དུ་འཐུས་ཤོར་ཕྱིན་པའི་ཐོག་ཞིབ་ འཇུག་གནང་རྒྱུ་གལ་ཆེན་པོ་ཆགས་ བསྡད་ཡོད་རེད།
ང་ཚོས་དོ་སྣང་བྱེད་དགོས་ས་གཅིག་ དེ། དེང་སང་བོད་ནང་གི་ཉམས་ཞིབ་པ་ཚོ ར་མཐུན་རྐྱེན་ཡོད་ཀྱང་རང་དབང་གི ས་ཞིབ་འཇུག་བྱེད་ཐུབ་ཀྱི་ཡོད་མ་ རེད། ཕྱི་རྒྱལ་གྱི་ཉམས་ཞིབ་པ་ཚོ་བོད་ ནང་ལོགས་ལ་ཉམས་ཞིབ་བྱེད་པར་གཏོ ང་རྒྱུར་ཆོག་མཆན་སྤྲོད་ཀྱི་མེད་ པ་དང་། ཆོག་མཆན་སྤྲད་ཀྱང་རང་དབང་ཐོག་ ཉམས་ཞིབ་བྱེད་འཇུག་གི་མེད་པ་རེ ད། དེང་སང་མཁས་པ་ཚོས་བཤད་སྲོལ་ལ། རྒྱ་གར་གྱི་དཔལ་ཡོན་དེ་སིན་དྷུ་ གཙང་པོ་ནས་དར་བ་དང་། རྒྱ་ནག་གི་དཔལ་ཡོན་དེ་རྨ་ཆུ་ གཙང་པོ་ནས་དར་བ། བོད་ཀྱི་དཔལ་ཡོན་དེ་ལྷ་སའི་གཙང་ ཆུ་ནས་དར་བ་རེད་ཅེས་བཤད་ཀྱི་འདུ ག ཡིན་ནའང་། ཆབ་མདོ་ཁ་རུབ་གྲོང་ཚོའི་དཔལ་ཡོ ན་རྫ་ཆུ་ནས་དར་བ་རེད་ཅེས་བཤད་ཀྱི ་འདུག ཉམས་ཞིབ་པའི་བཤད་སྲོལ་ལ། ཆུ་དེ་མིའི་འཚོ་རྟེན་གལ་ཆེ་ཤོས་ ཆགས་ཀྱི་ཡོད་དུས། དེར་བརྟེན་ནས་དཔལ་ཡོན་དར་བ་ཚང་ མས་ངོས་འཛིན་བྱེད་ཀྱི་ཡོད་པ་རེ ད། ཁ་རུབ་གྲོང་ཚོའི་གནའ་རྫས་ཀྱི་ གནས་སྟངས་དེ་རྨ་ཆུའི་ཕྱོགས་ནས་ དར་བའི་རིག་གནས་དང་འབྲེལ་བ་ཡོད་ པ་ཞིག་བཤད་འདུག དེ་རང་བཞིན་གྱིས་རྒྱ་ནག་དང་འབྲེ ལ་བ་ཞིག་བཟོས་ཡོང་གི་འདུག དེ་བོད་ཀྱི་དཔལ་ཡོན་ལ་རྒྱ་ནག་གི ས་ཤུགས་རྐྱེན་སྤྲོད་ཀྱི་ཡོད་རེ ད། མིའི་གཤིས་སྤྱོད་གྲུབ་དུས་འདྲ་ བར་ཅུང་ཟད་ཡོང་ཆོག་གི་རེད། ས་སྐྱ་པཎ་ཆེན་གྱིས་གསུངས་པ་ལྟར། ཕྱོགས་རེར་འདྲ་བ་ཀུན་ལ་ཡོད། ། ཐམས་ཅད་འདྲ་བ་གང་ན་མེད། ། འདྲ་བ་ཏོག་ཙམ་ཡོད་ཆོག་གི་རེད་དེ ། དེ་ཚོའི་ཐོག་ཞིབ་འཇུག་གནང་རྒྱུ་ གལ་ཆེན་པོ་ཞེ་པོ་རེད་འདུག ང་ཚོས་སྔར་ལྷག་ཤུགས་ཆེ་རུ་བརྒྱ བ་དགོས་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེ ན་པོ་མཆོག་གིས་དུས་རྒྱུན་དུ་ནས་ དེ་ཚོའི་ཐོག་ལ་ཐུགས་སྣང་ཆེན་པོ་ གནང་ཡོད་པ་དང་། དེང་སང་བོད་ཀྱི་ལོ་རྒྱུས་ཐོག་ བཤད་མཁན་བོད་པ་གཅིག་པུ་ཙམ་མ་ཡི ན་པར། ནུབ་ཕྱོགས་པ་དང་། རྒྱ་གར་ནང་མཁས་པ་དེ་འདྲ་ཡོད་རེ ད། དེ་ཡིན་དུས་དེ་ཚོ་མཉམ་དུ་ཕན་ཚུ ན་གོ་རྟོགས་སྤེལ་རེས་བྱ་རྒྱུའི་ སྡིངས་ཆ་བསྐྲུན་ཏེ། ང་ཚོའི་ཉམས་མྱོང་དེ་ཚོ་ཕར་གོ་རྟོ གས་སྤྲོད་པ་ཙམ་མ་ཡིན་པར། དེར་ངེས་ཤེས་སླེབས་ཐུབ་པ་བཟོ་ དགོས་པ་གལ་ཆེན་པོ་རེད། དེ་ཆབ་སྲིད་ཀྱི་གནས་བབ་གཅིག་པུ་ ཙམ་མིན་པར། བོད་མི་རིགས་ཀྱི་རིག་གཞུང་དང་། ཆོས། སྐད་ཡིག མདོར་ན་ང་ཚོའི་འཚོ་གནས་དང་འབྲེ ལ་བ་ཤུགས་ཆེན་པོ་ཆགས་བསྡད་ཡོད་ རེད། ང་ཚོས་དེ་ཚོའི་ཐོག་དགོངས་པ་བཞེ ས་ཐུབ་དགོས་པ་གལ་ཆེན་པོ་རེད་འདུ ག་ཅེས་ཞུ་རྒྱུ་དང་། མཐའ་དོན་ཉིན་གསུམ་རིང་གི་ལས་རི མ་ཁག་ཚགས་ཚུད་ཡོང་བའི་སྨོན་འདུ ན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་ བཅས། །