༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་བོད་ཀྱི་རྩ་ཆེའི་ཡིག་ཆ་རྙིང་རིགས་ཁག་སྲུང་སྐྱོབ་དང་རྒྱུན་གནས་ཐུབ་ཐབས་སུ་གྲངས་འཛིན་དཔེ་མཛོད་གསར་བཟོའི་ལས་གཞི་ (Tibetan Digital Library Initiative)ཆེད་དུ་ཆོད་གན་ལས་བྱེད་གསུམ་བསྐོ་གཞག་བྱ་རྒྱུའི་ཆ་རྐྱེན་གཤམ་གསལ།
དགོས་མཁོའི་ཆ་རྐྱེན།
ཀ ༽ སྡེ་འགན་གནས་རིམ་ཐོག་ལས་འཆར་འགན་འཁུར་བའི་ས་མིག་གཅིག
༡) ངོས་འཛིན་ཡོད་པའི་མཐོ་སློབ་ཅིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ།
༢) ཉུང་མཐར་ལོ་གཉིས་ཀྱི་ཉམས་མྱོང་ཡོད་པ།
༣) བོད་ཀྱི་ཆོས་དང་རིག་གནས་ཐོག་སློབ་གཉེར་གནང་མྱོང་བར་དམིགས་བསལ་ཡོད།
༤) བོད་ཨིན་སྐད་ཡིག་གཉིས་ཚད་འཕེར་དགོས་པ།
༥) ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༣༡ ཉིན་རང་ལོ་ ༤༠ མ་བརྒལ་བ་དགོས།
ཁ ༽ ལས་དོའི་གནས་རིམ་ཐོག་དཔེ་མཛོད་ཁྱད་ལས་པའི་ས་མིག་གཅིག
༡) ངོས་འཛིན་ཡོད་པའི་མཐོ་སློབ་ཅིག་ནས་དཔེ་མཛོད་རིག་པའི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ།
༢) ཉུང་མཐར་ལོ་གཉིས་ཀྱི་ཉམས་མྱོང་ཡོད་པ།
༣) བོད་ཨིན་སྐད་ཡིག་གཉིས་ཚད་འཕེར་དགོས་པ།
༤) ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༣༡ ཉིན་རང་ལོ་ ༤༠ མ་བརྒལ་བ་དགོས།
ག ༽ ལས་དྲུང་གནས་རིམ་ཐོག་ལས་རོགས་ས་མིག་གཅིག
༡) ངོས་འཛིན་ཡོད་པའི་མཐོ་སློབ་ཅིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པ།
༢) ཉུང་མཐར་ལོ་གཅིག་གི་ཉམས་མྱོང་ཡོད་པ།
༣) བོད་ཨིན་སྐད་ཡིག་གཉིས་ཚད་འཕེར་དགོས་པ།
༤) ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༣༡ ཉིན་རང་ལོ་ ༤༠ མ་བརྒལ་བ་དགོས།
ཆོད་གན་ལས་བྱེད་དུ་ཞུགས་རྒྱུའི་དགོས་མཁོའི་ཡིག་ཆ།
༡) དོ་བདག་གི་འཚང་སྙན་ལྷན་དུ་སོ་སོའི་ལོ་རྒྱུས་མདོར་བསྡུས་དང་།།
༢) ཤེས་ཚད་ཨང་ཤོག་དང་ལག་འཁྱེར། (Marksheet& Degree Certificate)
༣) སྐྱེས་ཚེས་ལག་འཁྱེར་རམ། འཛིན་རིམ་ ༡༠ ཐོན་པའི་ལག་འཁྱེར།
༤) དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། འབུལ་འབབ་གཙང་ཕུལ་ཟིན་པའི་ཤོག་ངོས་མཐའ་མ་བཅས་ཀྱི་ངོ་བཤུས།
༥) རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ (R.C) ངོ་བཤུས།
༦) སྨན་ཁང་ཚད་ལྡན་ནས་གཟུགས་འབབ་ལས་འཕེར་ཡིན་པའི་ངོས་སྦྱོར་ངོ་མ་ཁ་གསར་སྟེང་རང་ཉིད་ཀྱི་ཕྱེད་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ།
༧) འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁང་ནས་གཤིས་རྒྱུད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate)
༨) སྤྱི་སྒེར་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར།
༩) ཉམས་མྱོང་ལག་འཁྱེར་དགོས་པ།
༡༠) གོང་གསལ་ཡིག་ཆའི་ངོ་བཤུས་རིགས་ཚང་མར་ས་གནས་འགོ་འཛིན་ནམ། ཡང་ན་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་ལས་དམ་དང་། མཚན་རྟགས་འཁོད་དགོས།
༡༡) འཚང་སྙན་འབུལ་ཚེས་མཐའ་མ། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༣༠ ཕྱི་དྲོ་ཆུ་ཚོད་ ༥ པའི་གོང་འབུལ་ཐུབ་པ་དགོས།
གོང་གསལ་ས་མིག་ཁག་ལ་འཚང་སྙན་འབུལ་བློ་ཡོད་རིགས་ནས་སོ་སོ་འཚང་སྙན་གློག་འཕྲིན་ཁ་བྱང་[email protected] འམ། གཤམ་གསལ་ཁ་བྱང་ཐོག་ངེས་འབུལ་དགོས་པ་དང་། འོས་ཆོས་ཚང་བའི་འཚང་སྙན་པ་རྣམས་ལ་བོད་ཨིན་ངག་རྒྱུགས་དང་འབྲི་རྒྱུགས་ཆེད་རྒྱུགས་འབུལ་ཡུལ་དང་དུས་ཚོད་བཅས་གློག་འཕྲིན་བརྒྱུད་འབྲེལ་བ་ཞུ་རྒྱུ་བཅས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༨ ཉིན།།
Secretary
Department of Religion and Culture
Central Tibetan Administration
GangchenKyishong, Dharamsala
Distt. Kangra (H.P.) INDIA
Contact Number: 9816743672 / 8296450233