༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དབུ་དཀར་ ཚང་གཡུ་སྒྲོན་ལགས་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་ མཐར་ཕྱིན་ལགས། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་བཅས་ནས་ནུབ་བྷེང་གྷལ་གྱི་མངའ་ སྡེའི་རྒྱལ་ས་ཀོལ་ཀ་ཏ་རུ་བོད་དོ ན་ཞུ་སྐུལ་ཀྱི་ལས་དོན་མུ་མཐུད་ བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་རྒྱ་གར་གྲོས་ཚོགས་བོད་དོན་ རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ དང་། (TMC) སྲིད་དོན་ཚོགས་པའི་ཚོགས་མི། རྒྱ་གར་དབུས་གཞུང་གྲོང་ཁྱེར་ཡར་ རྒྱས་ཀྱི་བློན་ཆེན་ཟུར་པ། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་ མི་སྐུ་ཞབས་སའུ་གྷ་ཏ་ རོ་ཡེ་ (Shri. Saugata Roy) མཆོག་དང་མཇལ་འཕྲད་ཀྱིས་སྤྱི་ལྷ ན་གྱི་ཞུ་ཡིག་དོན་ཚན་ ༡༠ འཁོད་ཅན་དང་། ཨིན་སྐད། ཧིན་སྐད། བྷེང་གྷལ་ལི་གསུམ་ནང་འཁོད་བོད་ ནང་གི་ཛ་དྲག་གནས་སྟངས་སྐོར་དང་། དེ་སྔོན་རྒྱ་གར་གནད་ཡོད་མི་སྣ་ རྣམས་ཀྱིས་བོད་དོན་སྐོར་གླེང་སློ ང་གནང་བ་སྙིང་བསྡུས་སོགས་འཁོད་ པའི་ལྟེབ་ཤོག་ཡིག་ཆ། སྤྱི་ལྷན་གྱི་ཕྱག་རྟགས་སྤུས་ལེ གས་བཅས་ཕུལ་ཏེ་ངག་ཐོག་ནས་ཀྱང་བོ ད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་དང་ ། རྒྱ་གར་གྲོས་ཚོགས་སུ་བོད་དོན་གླེ ང་སློང་ཡོང་ཐབས་སོགས་ཀྱི་རེ་སྐུ ལ་ཞུས་པར། ཁོང་གིས་རྒྱ་གར་གྱི་སྲིད་བློན་ དང་པོ་ནེཧ་རུ་ནས་བཟུང་རྒྱ་གར་ གཞུང་གིས་བོད་དོན་ལ་རྒྱབ་སྐྱོར་ མུ་མཐུད་གནང་བཞིན་ཡོད་པ་ལྟར་ཁོ ང་ནས་ཀྱང་དེ་ལུགས་རྒྱབ་སྐྱོར་ཡོ ད་གནས་དང་། གྲོས་ཚོགས་སུའང་བོད་དོན་གླེང་སློ ང་ཡོང་ཐབས་སོགས་ལ་ཐུགས་ཁུར་བཞེ ས་རྒྱུ་ཡིན་ཞེས་གསུངས་འདུག
དེ་ཉིན་ཕྱི་དྲོ་ཀོལ་ཀ་ཏར་ཆགས་ པའི་ནིའུ་ཨ་ལི་པོརེ་མཐོ་སློབ་ཀྱི་སློབ་སྤྱི་འབུམ་ རམས་པ་ཇོཡེ་དྷེབ་ས་རན་གྷི་ (Dr. Joy Deep Sarangi, Principal, New Alipore College) མཆོག་གི་ལས་ཁུངས་སུ་བོད་མི་མང་ སྤྱི་འཐུས་གསུམ་དང་བོད་དོན་རྒྱ བ་སྐྱོར་བ་ལྕམ་རུ་བྷེ་ མུ་ཁར་ཇེ་ གཏན་ཞལ་གཉིས་བཅས་ཆེད་བཅར་གྱིས་ ད་ལན་གྱི་བོད་དོན་ཞུ་སྐུལ་སྐོར་ གྱི་གནད་དོན་རྣམས་གསལ་བཤད་དང་། མཐོ་སློབ་ཏུ་གནའ་རབས་ནས་བཟུང་ འཕགས་བོད་ཀྱི་རྒྱལ་རབས་དང་རིག་ གཞུང་འབྲེལ་ལམ་སྐོར་གྱི་ངོ་སྤྲོ ད་གཏམ་བཤད་བྱ་རྒྱུའི་གོ་སྒྲིག་ གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་ཤི ང་། དེ་བཞིན་༸གོང་ས་མཆོག་གི་མཛད་རྣ མ་གཙོས་འབྲེལ་ཡོད་ཡིག་ཆ་ཁག་མཐོ་ སློབ་ཀྱི་དཔེ་མཛོད་ཆེད་ཕུལ་གནང་ ཡོད།
ཆུ་ཚོད་ ༣།༠༠ ནས་ ༥།༠༠ བར་མཐོ་སློབ་ཀྱི་ཚོགས་ཁང་ཨང་ ༢༠༩ ནང་བོད་ཀྱི་ཆོས་དང་རིག་གཞུང་དང་ ། རྒྱལ་རབས་ལོ་རྒྱུས། བོད་ནང་གི་ཛ་དྲག་གནས་སྟངས་སོགས་ ངོ་སྤྲོད་ཀྱི་ཚོགས་འདུ་ཞིག་གོ་ སྒྲིག་གནང་བར་དོ་སྣང་ཅན་གྱི་དགེ ་སློབ་ ༣༠ ལྷག་མཉམ་ཞུགས་སྐབས་ཐོག་མར་འཕགས་ བོད་གཉིས་ཀྱི་རྒྱལ་གླུ་ཕུལ་རྗེ ས། མཐོ་སློབ་ཀྱི་སློབ་སྤྱི་མཆོག་ ནས་ཕེབས་བསུའི་གསུང་བཤད་དང་། ༸གོང་ས་མཆོག་གི་རླབས་ཆེན་གྱི་ མཛད་འཕྲིན་ཁག་ལ་ཡི་རངས་ཀྱི་ཆེ་ བསྟོད་གནང་། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བོད་དོན་ཞུ་སྐུལ་གྱི་དགོ ས་དམིགས་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་ མཐར་ཕྱིན་ལགས་ནས་ ༡༩༥༩ གོང་བོད་རང་བཙན་ཡིན་པའི་གནས་བབ་ དང་། ༸གོང་ས་མཆོག་གི་དབུ་ཁྲིད་པའི་ བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་ ཇི་ལྟར་བཀའ་དྲིན་ཆེ་ཚུལ། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ དང་རྒྱ་གར་གྱི་ཆོས་རིག་བདག་སྐྱོ ང་མི་དམན་པ་ཞུས་ཡོད་ཚུལ། གཞིས་བཞུགས་བོད་མི་རྣམས་རྒྱ་ དམར་གཞུང་གི་བཙན་དབང་འོག་དཀའ་སྡུ ག་མྱོང་བཞིན་པའི་གནས་སྟངས། མ་འོངས་པའི་སྣེ་ཁྲིད་མཁན་མི་ རབས་གསར་པ་ཁྱེད་རྣམས་ཀྱིས་བོད་ དོན་མ་བརྗེད་པ་གནང་རྒྱུའི་རེ་སྐུ ལ་བཅས་ཞུས་པ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོ ན་ལགས་ཀྱིས་བོད་རང་བཙན་ཡིན་པའི་ སྐབས་ཀྱི་ས་ཁྱོན་དང་གནས་བབ། མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གལ་ གནད་དང་རྒྱ་གཞུང་གིས་བོད་ཀྱི་ཁོ ར་ཡུག་ལ་གནོད་སྐྱོན་ཇི་ལྟར་གཏོ ང་བཞིན་པ། བོད་ཀྱི་གཙང་ཆུ་ཁག་ལྷོ་ཤར་ཨེ་ཤེ ་ཡའི་རྒྱལ་ཁབ་རྣམས་ལ་གལ་ཆེན་པོ་ ཇི་ལྟར་ཆགས་ཀྱི་ཡོད་ཚུལ་སོགས་ ལས་འཕྲོས་ཏེ་བོད་དོན་ངོ་སྤྲོད་ གནང་ཡོད་འདུག
བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་རུ་བྷེ་མུ་ཁར་ཇེ་མཆོག་ནས་གོང་གསལ་སྤྱི་འཐུས་རྣ མས་ཀྱི་གསུང་བཤད་དང་འབྲེལ་ནས་བོ ད་ཀྱི་ཆོས་དང་རིག་གཞུང་། རྒྱལ་རབས་ལོ་རྒྱུས། བོད་ནང་གི་ཛ་དྲག་གནས་སྟངས། རྒྱ་དམར་གཞུང་གིས་བོད་ནང་དམ་བསྒྲ གས་ཇི་ལྟར་བྱེད་ཀྱི་ཡོད་པ་སོགས་ ཀྱི་སྐོར་བྷེལ་གྷལ་གྱི་སྐད་ནང་ ངོ་སྤྲོད་ཞིབ་ཕྲ་གནང་བ་དང་། མཐོ་སློབ་དེའི་བྷེང་གྷལ་སྐད་ཡི ག་དང་རྩོམ་རིག་གི་སློབ་དཔོན་ཆེ ན་མོ་འབུམ་རམས་པ་ཨ་ནི་ཀེཊ་མ་ཧཱ་པཏ་རཱ་ (Dr. Aniket Mahapatra, the Professor of Bengali Language and literature. New Alipore College) མཆོག་ནས་དེ་རིང་གི་གཏམ་བཤད་རྣ མས་སློབ་ཕྲུག་ཚོས་གལ་ཆེ་དོན་ཆེ ར་བརྩི་དགོས་ཚུལ་དང་། ཁོ་རང་ཡང་རྒྱ་གར་བོད་དོན་རྒྱབ་ སྐྱོར་ཚོགས་པའི་ཚོགས་མི་ཡིན་པས་ རྒྱུན་དུ་བོད་ཀྱི་ཆོས་སྲིད་གང་ ཐད་ལ་ཐུགས་སྣང་དང་འགན་ཁུར་གནང་ གི་ཡོད་ཚུལ་ལས་འཕྲོས་ཏེ་ཐུགས་རྗེ ་ཆེ་ཞུའི་གཏམ་བཤད་གནང་སྟེ་ཚོགས་ འདུ་མཇུག་སྒྲིལ་ཡོད། ཚོགས་འདུའི་སྐབས་བོད་དོན་དྲིལ་ བསྒྲགས་ཀྱི་ཡིག་ཆ་སྐད་ཡིག་མ་འདྲ ་བ་གསུམ་ནང་འཁོད་པ་རྣམས་འགྲེམ་ སྤེལ་ཞུས་གནང་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༥ རྒྱ་གར་རང་བཙན་གྱི་དུས་དྲན་ཉིན་ སྤྱི་འཐུས་རྣམས་རྒྱ་གར་གྱི་རྒྱ ལ་གླུ་རྩོམ་པ་པོ་ར་བྷིན་དྷར་ནཐ་ ཋགོར་ (Shri Rabindranath Tagore) གྱི་གཟིམ་ཁང་ངམ་འགྲེམ་སྟོན་ཁང་ གི་སྒོ་འགྲམ་དང་། རྒྱལ་སའི་ཁྲོམ་ར་ལྟེ་བ་སོགས་སུ་ ཕེབས་ནས་སྐད་རིགས་གསུམ་ནང་འཁོད་ པའི་བོད་དོན་ཞུ་སྐུལ་གྱི་ལྟེབ་ ཤོག་ཡིག་ཆ་ཁག་མི་མང་ཁྲོད་འགྲེམ་ སྤེལ་ཞུས་ཡོད་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༦ ཉིན་ཀ་ལི་ཀ་ཏ་གཙུག་ལག་སློབ་གཉེ ར་ཁང་གི་ནང་ཆོས་སློབ་གཉེར་ཚན་པ་ (Department of Buddhist Studies, University of Calcutta) དང་། (Ganasamannay) ཚོགས་པ་གཉིས་ཟུང་འབྲེལ་གྱི་གོ་ སྒྲིག་འོག་འཕགས་བོད་དབར་གྱི་ལོ་ རྒྱུས་དང་། རིག་གཞུང་སོགས་ཀྱི་འབྲེལ་བའི་སྐོ ར་ལ་ཕྱི་དྲོ་ཆུ་ཚོད་ ༣།༠༠ནས་ ༥།༣༠ བར་ཚོགས་འདུ་གོ་སྒྲིག་ཞུས་སྐབས་ ཐོག་མར་ཚན་པའི་འགན་འཛིན་འབུམ་ རམས་པ་སྐུ་ཞབས་ ཨུ་ཇ་ཝལ་ ཀུ་མར་ (Dr. Ujjwal Kumar) མཆོག་དང་། འབུམ་རམས་པ་ལྕམ་སྐུ་ཨིས་ཝར་ཡ་བྷིས་ཝཱས་ (Dr. Aiswarya Biswas) མཆོག འབུམ་རམས་པ་ལྕམ་སྐུ་པི་ཡ་ལི་ཅཀ་ར་བྷོར་ཏི་ (Dr. Piyali Chakraborty) མཆོག་བཅས་དང་མཇལ་འཕྲད་ཀྱིས་གཙུ ག་ལག་སློབ་གཉེར་ཁང་གི་སྐོར་ལ་རྒྱུ ས་ལོན་དང་། ནང་ཆོས་ཚན་པས་མཐུན་འགྱུར་འོག་ཚོ གས་འདུ་གོ་སྒྲིག་གནང་བར་བཀའ་དྲི ན་ཆེ་ཞུས་གནང་འདུག
ཚོགས་འདུར་དགེ་སློབ་གྲངས་ ༤༠ ཙམ་འདུ་འཛོམས་སར་འཕགས་བོད་གཉིས་ ཀྱི་རྒྱལ་གླུ་བཏང་རྗེས། ཚན་པའི་འགན་འཛིན་སྐུ་ཞབས་ཨུ་ཇ་ཝལ་ཀུ་མར་མཆོག་ནས་ཕེབས་བསུའི་གསུང་ བཤད་སྐབས་བོད་དོན་དང་། ནང་ཆོས་གལ་ཆེ་ཡིན་པའི་སྐོར་སོ གས་གསུངས་པ་དང་། བོད་དོན་རྒྱབ་སྐྱོ ར་བ་ལྕམ་སྐུ་རུ་བྷེ་མུ་ཁར་ཇེ་མཆོག་ནས་སྤྱི་འཐུས་གསུམ་གྱི་ངོ་ སྤྲོད། སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས་ནས་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ཀྱིས་གོ་སྒྲིག་གནང་བའི་རྒྱ ་གར་མངའ་སྡེ་ཁག་ནང་བོད་དོན་ཞུ་ སྐུལ་ཀྱི་ལས་རིམ་ཇི་ལྟར་སྤེལ་ བཞིན་པའི་སྐོར་ངོ་སྤྲོད་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་ མཐར་ཕྱིན་ལགས་ཀྱིས་བོད་རང་བཙན་ སྐབས་ཀྱི་ལོ་རྒྱུས་དང་། འཕགས་བོད་ཆོས་རིག་གི་འབྲེལ་ལམ་ སྐོར། རྒྱ་གར་ནང་ཡོད་བོད་ཀྱི་དགོན་སྡེ ་ཁག་གཙོས་རིག་གཞུང་བསྟི་གནས་རྣ མས་ཀྱིས་རྒྱ་གར་གྱི་གནའ་བོའི་རི ག་གཞུང་འཛིན་སྐྱོང་སྤེལ་གསུམ་ འབུར་དུ་ཐོན་པ་གནང་ཡོད་པའི་སྐོ ར། རྒྱ་དམར་གྱི་བཙན་དབང་འོག་ཡོད་ པའི་བོད་མི་རྣམས་ལ་དེ་ལྟ་བུའི་ གོ་སྐབས་ཐོབ་ཀྱི་མེད་པ་སོགས་ངོ་ སྤྲོད་དང་། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོ ན་ལགས་ནས་རྒྱ་གར་གྱི་པཎ་གྲུབ་ རྣམས་བོད་ལ་བཀའ་དྲིན་ཆེན་པོ་ཡི ན་པའི་ཚུལ་དང་། བོད་རང་བཙན་སྐབས་ཀྱི་ཆིངས་ཡིག་ ཁག་གི་ངོ་སྤྲོད། རྒྱ་གཞུང་གིས་བོད་ཀྱི་རིག་གཞུང་ རྩ་གཏོར་གཏོང་ཚུལ་སྤྱི་དང་བྱེ་ བྲག་དེང་སྐབས་བོད་ཕྲུག་རྣམས་རྒྱ ་ནག་གི་གཏན་འཇགས་སློབ་གྲྭར་ཆེད་ བཅུག་བྱས་ཡོད་པ་སོགས་བོད་ནང་གི་ ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད། སློབ་དཔོན་ཨན་ཏར་ཧི་མ་ལ་ཡ་མཆོག་ནས་བོད་ཀྱི་ཆོས་ དང་རིག་གཞུང་རྣམས་རྒྱ་ནག་གིས་རྩ ་གཏོར་གཏོང་བཞིན་པ་ཛ་དྲག་གི་ གནས་སྟངས་ཤིག་ཡིན་པ་དང་། རྒྱ་གར་གྱི་བདེ་འཇགས་ཆེད་བོད་ལ་ རང་དབང་ཐོབ་དགོས་རྒྱུ་གལ་ཆེ་ཡི ན་སྐོར་སོགས་གསུངས་རྗེས་ཚོགས་ཞུ གས་པ་ཚོའི་དྲི་བར་ལན་འདེབས་དང་༸ གོང་ས་མཆོག་གི་མཛད་རྣམ་གཙོས་འབྲེ ལ་ཡོད་ཡིག་ཆ་ཁག་འགྲེམ་སྤེལ་ཞུས་ གནང་ཡོད། མཐར་འབུམ་རམས་པ་ལྕམ་སྐུ་པི་ཡ་ལི་ཅཀ་ར་བྷོར་ཏི་མཆོག་ནས་ཐུགས་རྗེ་ཆེ་ཞུ འི་གསུང་བཤད་གནང་བ་བཅས་ཀྱི་གནས་ ཚུལ་དུ། །