བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་ཐེངས་བཅུ་པ།
༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་རིགས་གཞོན་སྐྱེས་རྣམས་དང་། ལྷག་པར་དུ་མཐོ་སློབ་ཐོན་པའི་བོད་པའི་སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་དང་། ནང་པའི་ལྟ་གྲུབ་སོགས་ཀྱི་གནས་ཚད་གོང་མཐོར་ཆེད། ཧོན་སུར་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གངས་ཅན་རིག་གནས་སློབ་གྲྭ་དང་ཟུང་འབྲེལ་ཐོག་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟླ་དྲུག་ཟབ་ཁྲིད་ཐེངས་བཅུ་པ་དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་གོ་སྒྲིག་ཞུ་མུས་ཐོག ཐེངས་འདིའི་ཟབ་སྦྱོང་ནང་སློབ་ཕྲུག་འཕར་མ་བསྡུ་བཞིན་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་སློབ་གཉེར་བྱ་འདོད་ཡོད་རིགས་ནས་ཞུ་སྙན་འགེངས་ཤོག་ཕབ་ལེན་གྱིས་ཞིབ་ཕྲ་བཀང་སྟེ་དྲྭ་ཐོག་གམ་གཤམ་གསལ་གློག་འཕྲིན་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༤ འགྱངས་མེད་ཞུ་སྙན་ཕུལ་ཟིན་པ་དགོས་པ་དང་ཆ་རྐྱེན་ཁག་གཤམ་གསལ།
ཀ དགོས་ངེས་ཆ་རྐྱེན།
༡། མཐོ་རིམ་སློབ་མཐར་སོན་པའི་ལག་འཁྱེར་རམ་ཨང་ཤོག
༢། དང་བླངས་དཔྱ་དངུལ་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ཤོག་ངོས་དང་པོ་གཉིས་དང་མཐའ་མའི་ངོ་བཤུས།
༣། དོ་བདག་གི་ཕྱེད་པར་གཅིག
ཐུགས་སྣང་། གོང་གསལ་དགོས་མཁོའི་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་མཐོ་སློབ་ཀྱི་སློབ་སྤྱི་སུ་རུང་གི་དག་མཆན་དང་ལས་དམ་འཁོད་དགོས་པ།
ཁ། མཐུན་འགྱུར།
ལམ་གྲོན་དང་། བཞུགས་གནས། ཞལ་ལག དེ་བཞིན་ཟླ་རེར་ལག་དངུལ་དོད་བཅས་གནང་རྒྱུ།
ཟབ་ཁྲིད་དུས་ཡུན་དང་། རྒྱུགས་སྤྲོད་དང་ལག་འཁྱེར།
༡། ཟླ་དྲུག ༼ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ ༽
༢། སློབ་ཁྲིད་ཟིན་མཚམས་ངག་རྒྱུགས་དང་འབྲི་རྒྱུགས་གཏོང་རྒྱུ་དང་། མཇུག་བསྡོམས་མཛད་སྒོའི་སྐབས་ལག་འཁྱེར་གནང་རྒྱུ་བཅས། ཆོས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡༠ ཉིན་ལ།།
༤། ཞུ་སྙན་འབུལ་ཡུལ།
The Secretary
Department of Religion and Culture, CTA
Dharamsala-176215, District Kangra, (H.P.)
Email: [email protected]
Contact No.: +91 9816743672 / 8296450233