༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༠༦ ཉིན་རྒྱ་གར་གྱི་ས་གནས་གང་སར་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག
དེ་ཡང་རྒྱ་གར་གྱི་མངའ་སྡེ་བི་ཧཱར་དང་། མདྱ་པྲདེཤ། མཧཱ་རཱཥཊྲ། རཱཇསྠན། ཨ་སམ། ཨུཏྟར་པྲདེཤ། ལྡི་ལི། ཧ་རི་ཡཱ་ཎཱ། ཇཱར་ཁནྜ། ཨུཏྟརཱ་ཁནྜ། ཨ་རུ་ཎཱ་ཅལ་སོགས་ཀྱི་ནང་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་སྨོན་ལམ་གསུང་འདོན་དང་། ཤིང་སྣ་འདེབས་འཛུགས། བགྲོ་གླེང་ཚོགས་འདུ། མངར་ཟས་བགོ་འགྲེམས་སོགས་ལས་གཞི་བྱེད་སྒོ་སྣ་ཚོགས་བརྒྱུད་༸སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་འདུག་པ་བཅས།།