༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༨ རྒྱལ་སྤྱིའི་མཆིན་ནད་དུག་ཐབས་ཉིན་མོ་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་མཆིན་ནད་དུག་ཐབས་སྐོར་རྣམ་པ་འདྲ་མིན་ཐོག་ནས་གོ་རྟོགས་སྤེལ་ཡོད་པ་རེད།
དེ་ཡང་མི་ཚེ་གཅིག མཆིན་པ་གཅིག་ཅེས་པའི་བརྗོད་སྙིང་ཐོག་ཕྱི་ལུགས་དང་སྲོལ་རྒྱུན་གསོ་བ་རིག་པའི་ལམ་ནས་མཆིན་ནད་ལ་སྔོན་འགོག་བཅོས་ཐབས་ཇི་ཡོད་སྐོར་བགྲོ་གླེང་གོ་སྒྲིག་ཞུས་ཐོག་མཆན་ནད་དུག་ཐབས་ཀྱི་རྒྱུ་རྩ་དང་། སྔོན་འགོག ནད་རྟོགས་ངོས་འཛིན། བཅོས་ཐབས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་ཡོད། དེ་བཞིན་ནད་གཞི་གོ་རྟོགས་སྤེལ་ཐབས་སུ་ཕྲེད་དར་དང་གསལ་བསྒྲགས་སོགས་སྤེལ་ཡོད་པ་མ་ཟད། སྨན་ཞབས་མ་རྣམས་ནས་ས་གནས་སོ་སོར་བྱེད་སྒོ་རྣམ་གཞག་འདྲ་མིན་ལམ་ནས་མཆིན་ནད་སྐོར་གོ་རྟོགས་སྤེལ་ཡོད་པ་རེད།
འཕྲོད་བསྟེན་ལས་ཁུངས་ནས་ཨ་རིའི་རོགས་ཚོགས་པེ་ཨར་ཨེམ་གྱི་མཐུན་འགྱུར་འོག་མཆན་ནད་དང་འབྲེལ་བའི་ནད་རྟགས་ངོས་འཛིན་དང་། སྨན་བཅོས། རྒྱུན་སྐྱོང་རྟག་དཔྱད་སོགས་གནང་དང་གནང་མུན་ཡིན་པ་བཅས།།