༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༡༠ ནས་ ༡༧ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་སང་གཱཊ་(Sangath)ཞེས་པའི་ཚོགས་པ་ཟུང་སྦྲེལ་འོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཕྲོད་ལས་པ་རྣམས་ལ་འཕྲོད་བསྟེན་ལྡན་པའི་བྱེད་སྒོ་རྣམ་གཞག་(Healthy Activity Program)སྐོར་གྱི་ཟབ་སྦྱོང་གནང་ཡོད།
ཟབ་སྦྱོང་ནང་སྨན་ཞབས་མ་ ༡༨ མཉམ་ཞུགས་ཀྱིས་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ཤེས་བྱ་དང་ནུས་རྩལ་སྐོར་རྒྱུས་ལོན་ཞུས་ཡོད་པ་མ་ཟད། བདུན་ཕྲག་གཅིག་གི་ཟབ་སྦྱོང་གྲུབ་མཚམས་སྨན་ཞབས་མ་རྣམས་ལ་ནུས་སྩལ་ཉམས་ཚོད་ཡིག་རྒྱུགས་ཀྱང་བཏང་ཡོད་པ་བཅས།།