༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༥ ཉིན་ཨ་རིའི་རོགས་དངུལ་གྱི་མཐུན་འགྱུར་འོག་བོད་སྒྱུར་བྱིས་སྒྲུང་ཞུ་དག་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་ཤེས་རིག་ཚོགས་ཁང་དུ་བོད་སྒྱུར་བྱིས་སྒྲུང་དང་། བྱིས་སྒྲུང་གསར་རྩོམ་ཁག་ཅིག་ལ་ཞུ་དག་ཚོགས་འདུ་གོ་སྒྲིག་ཞུས་པའི་ནང་། ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་ཚན་པའི་འགན་ཁུར་བ་ངག་དབང་བསྟན་འཛིན་ལགས་དང་། སློབ་དེབ་ཚན་པའི་འགན་ཁུར་བ་དགེ་འདུན་དོན་ཡོད་ལགས། བྱིས་སྒྲུང་རྩོམ་སྒྲིག་པ་ཚེ་རིང་དཔལ་འཛོམས་ལགས་དང་ཆོས་ཉིད་སྒྲོལ་མ་ལགས། བཙུན་དགོན་སྒྲོལ་མ་གླིང་གི་བོད་དགེ་འཇམ་དབྱངས་རྒྱ་མཚོ་ལགས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཐོན་སྐྱེད་འགན་འཛིན་ཉི་མ་འཚོ་བཅས་ཚོགས་མི་དྲུག་ལྷན་འཛོམས་ཀྱིས་ཨིན་ཇིའི་སྐད་ཡིག་ནས་བོད་སྒྱུར་ཞུས་པའི་བྱིས་སྒྲུང་ ༡ དང་གསར་རྩོམ་ཞུས་པའི་བྱིས་སྒྲུང་ ༢ བཅས་ཁྱོན་བོད་སྒྱུར་ཞུས་པའི་བྱིས་སྒྲུང་གསུམ་ལ་མ་རྩོམ་དང་ཞིབ་བསྡུར་གྱིས་ཞུ་དག་ལེགས་པར་གནང་ཡོད་པ་བཅས།།