༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་མཁན་པོ ་འཇམ་དཔལ་བསྟན་འཛིན་ལགས་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་ རྒྱལ་མཚན་ལགས། སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་བཅས་རྣམ་པ་གསུམ་ལས་གྲུབ་པའི་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་སྐུ་ཚབ་ཚོགས་ཆུང་ནས་སྦེལ་ ཇམ་རྒྱལ་ཁབ་ནང་ཉིན་གྲངས་བཞིའི་ རིང་གི་བོད་དོན་ཞུ་སྐུལ་གྱི་ལས་ རིམ་ཁག་ཡོངས་སུ་ལེགས་གྲུབ་ཀྱིས་ ཕ་རན་སི་རྒྱལ་ས་པ་རི་སིར་ཕེབས་ ཐོན་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་ ༦ ཚེས་ ༣༠ ཉིན་སྔ་དྲོ་སྤྱི་འཐུས་རྣམ་པ་སྦ ར་སིལ་སྐུ་ཚབ་དོན་གཅོད་ཁང་དུ་ འཚམས་གཟིགས་ཕེབས་པ་དང་། སྐབས་དེར་དོན་གཅོད་འགན་ཁང་རིག་ འཛིན་ཆོས་སྒྲོན་ལགས་དང་། དྲུང་ཆེ་འཕྲིན་ལས་དབང་འདུས་ལགས། རྩིས་པ་བཅས་ནས་ཕེབས་བསུའི་སྣེ་ ལེན་ཞུས། དེ་རྗེས་སྦེལ་ཇམ་གྲོས་ཚོགས་གོང་ མའི་འཐུས་མི་སྐུ་ཞབས་ཀལ་ཝན་ལཱུ་ཝི་ (Senator Karl Vanlouwe) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་ ནང་གི་ད་ལྟའི་ཛ་དྲག་གི་གནས་སྟ ངས་དང་། བོད་ཀྱི་གནད་དོན་དེ་བཞིན་རྒྱལ་ སྤྱིའི་གནད་དོན་ཡིན་པ་སོགས་འགྲེ ལ་བརྗོད་དང་སྦྲགས་བོད་དོན་ཞུ་སྐུ ལ་གྱི་ཡིག་ཆ་ཁག་ཕུལ་བ་དང་། སྐུ་ཞབས་ཁོང་གིས་དེ་སྔོན་ཁོང་ཉི ད་བོད་ནང་ཕེབས་སྐབས་ཀྱི་གཟིགས་ ཚུལ་ཁག་དང་། བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུ ར་ཆོད་སེམས་བརྟན་པོ་ཡོད་ཅེས་གསུ ངས་འདུག དེ་ནས་སྐུ་ཞབས་ཁོང་གིས་བོད་མི་ མང་སྤྱི་འཐུས་རྣམ་པ་སྦེལ་ཇམ་གཞུ ང་གི་གྲོས་ཚོགས་གོང་མའི་ཚོགས་ ཁང་ (Flemish Parliament, 86 Rue de Louvain) ནང་གཟིགས་སྐོར་སྣེ་ཁྲིད་དང་སྦྲ གས་ངོ་སྤྲོད་གནང་འདུག
ཉིན་རྒྱབ་བོད་མི་མང་སྤྱི་འཐུས་ རྣམ་པ་བཀའ་བརྒྱུད་བསམ་ཡས་རྫོང་ གི་ཆོས་ཚོགས་ལ་གནས་གཟིགས་དང་། དེ་བཞིན་སྦེལ་ཇམ་ནང་བསྟན་ལྷན་ཚོ གས་ཀྱི་ཚོགས་གཙོ་སྐུ་ཞབས་ཀར་ལོ་ལཱག་སེ་ (Carlo Luckx) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་སྐུ་ཞབས་ཁོང་གིས་སྦེལ་ ཇམ་སྲིད་གཞུང་ལ་ནང་བསྟན་འདི་བཞི ན་ཆོས་ལུགས་སྤྱི་མཚུངས་ལྟར་ངོས་ བཞེས་ཡོང་བའི་ལས་འགུལ་ད་བར་སྤེ ལ་མུས་ཡིན་པའི་སྐོར་དང་། དེར་སྲིད་གཞུང་ནས་གང་མགྱོགས་ངོ ས་ལེན་ཐོབ་རེ་ཡོད་པའི་སྐོར།
དེ་ལྟར་བྱུང་ན་ས་གནས་འདིའི་ནང་ ཡོད་པའི་ནང་བསྟན་ཆོས་ཚོགས་ཁག་ལ་ ཁེ་ཕན་ཆེན་པོ་ཡོད་པའི་སྐོར་སོ གས་ངོ་སྤྲོད་གནང་བ་དང་སྦྲགས། དེའི་ཐོག་ཕན་ཚུན་དགོངས་ཚུལ་བརྗེ ་ལེན་དང་། སྤྱི་འཐུས་རྣམ་པས་ལས་གཞི་དེའི་ ཐོག་རང་གཞུང་ཆོས་རིག་ལས་ཁུངས་ ནས་མཐུན་འགྱུར་དགོས་རིགས་བྱུང་ ཚེ་དེ་ལུགས་སྙན་སེང་ཞུ་རྒྱུ་ཡི ན་ཞེས་གསུངས་ཡོད་འདུག སྐབས་དེར་སྦར་སིལ་སྐུ་ཚབ་དོན་ གཅོད་འགན་ཁང་རིག་འཛིན་ཆོས་སྒྲོ ན་ལགས་ཀྱང་མཉམ་བཅར་ཞུས་ཡོད།
ཕྱི་ཟླ་ ༧ ཚེས་ ༡ ཉིན་གྱི་ཕྱི་དྲོ་སྦར་སིལ་ནས་ཨན་ ཊབ་རྡོ་རྗེ་ཕ་ལམ་གྲོང་ཁྱེར་དུ་ ཕེབས་ཏེ། བོད་རིགས་ཚོགས་པ་དང་། ས་གནས་མང་ཚོགས་ཐུག་འཕྲད་ཀྱིས་ཆུ ་ཚོད་གཉིས་རིང་གསུང་བཤད་དང་། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་ འདེབས་གསལ་བཤད་དང་། དགོང་དྲོ་ཆུ་ཚོད་ ༧།༣༠ ནས་བོད་རིགས་ཚོགས་པའི་གོ་སྒྲིག་ འོག བོད་མིའི་བླ་ན་མེད་པའི་དབུ་འཁྲི ད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༧སྐུའི་འཁྲུངས་སྐར་ དངོས་གཞི་སྲུང་བརྩི་ཞུས་པའི་ཐོ ག་བོད་མི་མང་སྤྱི་འཐུས་རྣམ་པ་ཆེ ད་ཕེབས་གནང་ཡོད། མཛད་སྒོའི་ཐོག་ས་གནས་གཟའ་མཇུག་ སློབ་གྲྭ་ཁག་དང་། ཕ་མའི་ཚོགས་ཆུང་སོགས་ནས་རིག་གཞུ ང་འཁྲབ་སྟོན་ཞུས་གནང་འདུག
དགོང་དྲོ་ཆུ་ཚོད་ ༡༠ པའི་ཐོག་ཐེངས་འདིའི་སྦེལ་ཇམ་ཁུ ལ་གྱི་ལས་རིམ་ཡོངས་སུ་ལེགས་གྲུ བ་ཀྱིས་ཕྱི་ཚེས་ ༢ ཉིན་ཕ་རན་སི་རྒྱལ་ས་པེ་རི་སིར་ ཕེབས་ཐོན་གྱིས་མུ་མཐུད་བོད་དོན་ ཞུ་སྐུལ་གནང་བཞིན་ཡོད་པ་བཅས། །