༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༣༠ ཉིན་བལ་ཡུལ་ཀོ་པན་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་དུ་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཐེངས་གཉིས་པའི་གཞུང་ཆེན་ཕར་ཕྱིན་བགྲོ་གླེང་ཆེན་མོའི་མཛད་སྒོར་སྐུ་མགྲོན་གྱི་གཙོ་བོ་ཞྭ་སེར་བསྟན་པའི་མཛེས་རྒྱན་མཚུངས་མེད་བྱང་རྩེ་ཆོས་རྗེ་༸སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག དམིགས་གསལ་སྐུ་མགྲོན་དུ་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་མཆོག་དང་། དེ་བཞིན་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། བལ་ཡུལ་མཆོད་འཇོར་ས་འགོ་ཕུར་བུ་བཀྲ་ཤིས་ལགས། རྒྱལ་འཕགས་ས་འགོ་ཀརྨ་བཟོད་པ་འཕྲིན་ལས་ལགས། ཤར་ཝ་ར་ས་འགོ་ཚེ་རིང་སྒྲོལ་མ་ལགས། བལ་གཞུང་དགོན་པ་འཛིན་སྐྱོང་དང་ཡར་རྒྱས་ཚོགས་པའི་ཚོགས་གཙོ་ཀོ་པཎ་དགེ་བཤེས་ཐུབ་བསྟན་འཇིགས་གྲོལ་ལགས། བལ་ཡུལ་ནང་པའི་ཚོགས་ཆེན་གྱི་ཚོགས་གཙོ་ས་སྐྱའི་མཁན་པོ་ཀ་མལ་བྷན་ཌཱ་རི་ལགས་ཀྱིས་གཙོས་པའི་བལ་ཡུལ་ནང་གི་ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པའི་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ་དང་། དགོན་སྡེ་ཁག་གི་མཁན་བླ་སྤྲུལ་རྣམ་པ། གཞན་ཡང་དགེ་བའི་བཤེས་གཉེན་ཆེན་མོ་དཔེ་ཁྲིད་རྒན་རྣམ། ཕར་ཕྱིན་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་བལ་ཡུལ་རྒྱལ་ས་ཀཋ་མན་གྲུ་ནང་གི་དགེ་ལྡན་པའི་དགོན་ཁག་བཅུའི་སློབ་གཉེར་བ་བཅས་ལྷན་འཛོམས་ཐོག་ཕར་ཕྱིན་བགྲོ་གླེང་ཆེན་མོ་བསྟན་པའི་མིག་རྒྱན་དུ་གྱུར་བ་དེ་ཉིད་ལེགས་གྲུབ་བྱུང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།