༄༅། །འདི་གར་པེ་རི་སི་འབྲེལ་མཐུད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕ་རན་སི་བོད་རིགས་ཚོགས་ པའི་གཙོ་འགན་འོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༧ ནས་ ༩ བར་ཉིན་གྲངས་གསུམ་རིང་བོད་ཀྱི་ རིག་གཞུང་དུས་སྟོན་དང་། ༸གོང་ས་ མཆོག་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུ ང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་མཛད་སྒོ་འགོ་འཛུགས་ཀྱིས ་སེར་སྨད་གྲྭ་ཚང་གི་༸སྐྱབས་རྗེ་ ཨ་སྦོང་རིན་པོ་ཆེ་མཆོག་དང་། དགེ་ འདུན་པ་རྣམས་ནས་ཆོས་ཕྱོགས་ཀྱི་ ཞབས་རིམ་འགོ་ འཛུགས་གནང་ཡོད་ཅིང་། ཕྱི་ཚེས་ ༨ ཉིན་བོད་མི་དང་ཕྱི་རྒྱལ་བ་བཅས་མཛད་སྒོར་མཉམ་ཞུགས་གནང་མཁན་མང་ པོ་བྱུང་ཡོད། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སེར་སྨད་གྲྭ་ཚང་གི་༸སྐྱབས་རྗེ་ ཨ་སྦོང་རིན་པོ་ཆེ་མཆོག་དང་། ཕ་རན་ སི་༸དཔལ་འབྲུག་པའི་ཆོས་ཚོགས་གཙོ ་འགན། བཀའ་བརྒྱུད་རྫོང་གི་བླ་མ་འགྱུར་ མེད་ལགས། ས་གནས་ཝི་ཏི་ནམ་དགོན་པའི་མཁན་པོ ། ཕ་རན་སི་གནས་སྡོད་བླ་སྤྲུལ་དགེ་ འདུན་རྣམ་པ། སྐུ་མགྲོན་གཙོ་བོ་སྦར་སིལ་སྐུ ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ ཆོས་སྒྲོན་ལགས། དམིགས་བསལ་སྐུ ་མགྲོན་ཕ་རན་སི་གྲོས་ཚོགས་གོང་ མའི་འཐུས་མི་ཨན་ཊི་གྷ་ཊོ་ལེན་ (Andre Gattoli) ལགས། ཕྱོགས་བཞུགས་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ་དང་ རྒྱུན་ལས། ཚོགས་སྡེ་ཁག་གི་ཚོགས་གཙོ་ལྷན་ འཛོམས་ཐོག་བསང་གསོལ་གཟབ་རྒྱས་ གནང་རྗེས་སྐུ་པར་མཐོང་གྲོལ་རིན་ པོ་ཆེ་གདན་ཞུའི་༸སྐུའི་འཁུངས་སྐ ར་དངོས་གཞི་དབུ་འཛུགས་གནང་ཡོད།
མཛད་སྒོའི་ཐོག་བོད་རིགས་ཚོ གས་པའི་ཚོགས་གཙོས་འཚམས་ འདྲིའི་གསུང་བཤད། སྐུ་མགྲོན་ གཙོ་བོ་སྦར་སིལ་སྐུ ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ ཆོས་སྒྲོན་ལགས་དང་དམིགས་བསལ་སྐུ་མགྲོན་གྲོས་ཚོ གས་གོང་མའི་འཐུས་མི་ཨན་ཊི་གྷ་ཊོ་ལེན་ལགས་རྣམ་གཉིས་ནས་གསུང་བཤད་གནང་རྗེས་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི ་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ ལགས་ཀྱིས་དཔལ་ལྡན་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་དང་། ཕྱོགས་བཞུགས་སྤྱི་འཐུ ས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ གསུང་བཤད་སྒྲོགས་སྦྱང་ཞུས།
ཉིན་གྲངས་གསུམ་རིང་གི་མཛད་སྒོའི་སྐབས་པེ་ རི་སི་འབྲེལ་མཐུད་ལས་ཁུངས་ནས་ དཔྱ་དངུལ་བསྡུ་རུབ་ཞུས་པར་མི་གྲངས་ ༣༠༠ ཙམ་ནས་དཔྱ་དངུལ་ཕུལ་བ་དང་ ཕྱི་རྒྱལ་བོད་དོན་རྒྱབ་སྐྱོར་ བ་གྲངས་ ༨ ཙམ་ནས་ལག་དེབ་སྔོན་པོ་གསར་ བཟོ་གནང་ཡོད། དེ་རྗེས་བོད་རིགས་ཚོགས་པའི་ཟློ ས་གར་ཚོགས་པ་དང་ཚོགས་སྡེ་ཁག་གི་ག ཞས་སྣ་འཁྲབ་སྟོན་ཞུས་ཏེ་མཛད་སྒོ་ རྒྱལ་ཁའི་ངང་གྲོལ། མཛད་སྒོའི་ཐོག་བོད་རིགས་དང་ཕྱི་ རྒྱལ་མི་སྣ་ཁྱོན་བསྡོམས་ ༤༠༠༠ ཙམ་མཉམ་ཞུགས་གནང་ཡོད་པ་བཅས། །