༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
མཛད་སྒོ་དེ་བཞིན་ཐའེ་པེ་ཅོན་གཡུ་ (Grand Hyatt Taipei) གསོལ་མགྲོན་ཁང་དུ་དགོང་མོ་ཆུ་ཚོུད་ ༦ ནས་ ༨ བར་འཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་ཐའེ་ཝན་སྲིད་འཛིན་མཆོག་དང་སྲིད་འཛིན་གཞོན་པ་མཆོག་ཕེབས་ཡོད་པ་མ་ཟད། ཐའེ་ཝན་ཕྱི་སྲིད་ལས་ཁུངས་ཀྱི་བློན་ཆེན་གྱིས་གཙོས་པའི་ལྷན་ཁང་ཁག་གི་བློན་ཆེན་དང་གྲོས་ཚོགས་འཐུས་མི། གྲགས་ཅན་ཆབ་སྲིད་དཔྱད་གླེང་པ། ཕྱི་རྒྱལ་གཞུང་ཚབ་ཁག་གི་གཞུང་ཚབ་དང་འབྲེལ་ཡོད་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད། དམིགས་བསལ་མ་འོངས་ཐའེ་ཝན་སྲིད་འཛིན་གྱི་འོས་མི་གསུམ་ཀ་གདན་འདྲེན་ཞུས་ཡོད་སྟབས། གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད།
མཛད་སྒོའི་ཐོག་ཨ་རིའི་གཞུང་ཚབ་ལྕམ་སྐུ་སཱན་ཌྲ་ (Sandra Oudkrik) མཆོག་གིས་ཐའེ་ཝན་སྲིད་འཛིན་ལྕམ་ཚའེ་དབྱིངས་ཝེན་ (Tsai Ing-Wen) མཆོག་གི་དབུ་འཁྲིད་ཀྱི་ནུས་པར་བསྟོད་བསྔགས་ཤུགས་ཆེ་གནང་བ་དང་། ཁོང་མོ་ལོ་གཉིས་ལྷག་རིང་ཕྱག་ལས་གནང་པའི་བརྒྱུད་རིམ་ཁྲོད་སྲིད་འཛིན་མཆོག་དང་མཉམ་ལས་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་སྟེ་ཐའེ་ཝན་དང་ཨ་རི་གཉིས་དབར་གྱི་འབྲེལ་ལམ་ལོ་རྒྱུས་ཀྱི་ཚད་མཐོ་ཤོས་སུ་སླེབ་ཡོད་ཅེས་གསུངས།
དེ་ནས་སྲིད་འཛིན་ཚའེ་དབྱིངས་ཝེན་མཆོག་གིས་འདས་པའི་མི་ལོ་བདུན་རིང་སྲིད་འཛིན་གྱི་འགན་འཁུར་གནང་བའི་རིང་ཨ་རི་བ་དང་འབྲེལ་བ་གནང་ཕྱོགས་དང་། སྲིད་འཛིན་འོས་མི་གསུམ་ལ་གཟིགས་ཏེ་སྲིད་འཛིན་དུ་སུ་སླེབས་པ་ཡིན་ནའང་ཨ་རི་དང་འབྲེལ་བ་སྡུག་ཏུ་གཏོང་སྲིད་ཀྱི་མ་རེད། ལག་པ་བརྐྱངས་དང་ཞེས་བརྗོད་སྐབས་ཚང་མ་དགོད་ཤོར་དགོས་པ་ཆགས་ཡོད།
མཛད་སྒོའི་ཐོག་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་སྟབས། སྐུ་ཚབ་དོན་གཅོད་དང་དྲུང་ཆེ་ནས་གནད་ཡོད་མི་སྣ་མང་པོ་དང་ལྷན་འབྲེལ་བ་བཙུགས་པ་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་དང་བོད་དོན་སོགས་ཀྱི་སྐོར་ངོ་སྤྲོད་གང་ཐུབ་ཞུས་ཐུབ་ཡོད་པ་དང་བཅས། །
ཐའེ་ཝན་དུ་ཨ་རིའི་རྒྱལ་སྟོན་དུས་ཆེན་གྱི་མཛད་སྒོ་ཆེ་མོར་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་བཅར་བ།
གསར་གནས།

འབྲེལ་གནས།
