༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༦ རེས་གཟའ་ཕུར་བུ་ཉིན་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ས་གནས་འགོ་འཛིན་ལས་ཁང་གི་སྒོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༨ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།དེ་ཡང་སྐུ་མགྲོན་གཙོ་བོ་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཅོཧ་ན་མེན་ (Deputy Chief Minister, Mr. Chowna Mein) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་གཉིས། རྫོང་དཔོན་ཁག་མང་པོ་གདན་འདྲེན་ཞུ་ཐུབ་པ་བྱུང་ཡོད། ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་ལ་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་དཀའ་ངལ་གཙོ་བོ་གསུམ་ཐོག་ཞུ་སྙན་ཕུལ་དོན་བཞིན་ཛ་དྲག་ངང་སེལ་ཐབས་སུ་མངའ་སྡེའི་ཁུངས་སོ་སོར་བཀའ་ནན་པོ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།