༄༅། །དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ཁྱབ་ཁོངས་དྷ་ས་བྱམས་པ་གླིང་རྒས་གསོ་ཁང་དུ་གཉེར་པ་ ༡ དང་མ་བྱན་ ༡ དགོས་གལ་ཡོད་པ་ཆོད་གན་ངོ་བོར་བསྐོ་གཞག་ཞུ་རྒྱུར་སོང་ས་མིག་སོ་སོའི་འོས་ཆོས་དང་སྤྱི་ཡོངས་ཀྱི་དགོས་མཁོའི་ཡིག་ཆ་ཁག་གཤམ་གསལ་ལྟར་ཚང་དགོས་རྒྱུ།
༡༽ གཉེར་པའི་ས་མིག་གི་འོས་ཆོས།
༡། ཤེས་ཚད་ཉུང་མཐར་འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་ཡོད་པའམ་དེ་དང་མཚུངས་པའི་བོད་ཨིན་ཨང་རྩིས་གསུམ་གྱི་ཤེས་ཚད་ཡོད་པ། ཡང་ན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་གང་རུང་ནང་གཉེར་པ་དང༌། རྩིས་པ། དོས་གཉེར། མགྲོན་གཉེར་གང་རུང་དང་མཚུངས་པའི་ལས་ཀའི་ཉམས་མྱོང་ཡོད་པ། ཁུངས་འཕེར་དན་རྟགས་ཡིག་ཆ་ཡོད་དགོས།
༢། བོད་ཨིན་གཉིས་བྲིས་ཀློག་ཐུབ་ཅིང་རྒྱ་གར་དང་ཨིན་ཇི་གཉིས་ཀྱི་སྐད་རང་སྐྱ་འཕེར་བ།
༣། རང་ལོ་ ༣༠ ལས་མི་ཉུང་ཞིང་ ༤༥ ལས་མ་བརྒལ་བ།
༢༽ མ་བྱན་ས་མིག་གི་འོས་ཆོས།
༡། ལས་རིགས་སྦྱོང་བརྡར་བསྟི་གནས་ཁང་གང་རུང་ནས་ཐོན་པའི་ལག་འཁྱེར། ཡང་ན་ཚོགས་སྡེ་གང་རུང་ནང་མ་བྱན་གྱི་ལས་ཀའི་ཉམས་མྱོང་ཡོད་རིགས་ལ་ཚུད་རྒྱུགས་ཀྱི་བརྒྱ་ཆ་ ༡༠ འཕར་མ་འཐོབ་རྒྱུ།
༢། རང་ལོ་ ༢༠ ལས་མི་ཉུང་ཞིང་ ༤༥ ལས་མ་བརྒལ་བ།
གོང་གསལ་ས་མིག་གཉིས་ཀའི་དགོས་ངེས་ཡིག་ཆ།
༡། ས་གནས་འགོ་འཛིན་ལས་ཁུངས་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ངོ་མ།
༢། བོད་མིའི་དྭང་བླང་དཔྱ་དངུལ་ཕྱི་ལོ་ ༢༠༢༣ ཟླ་ ༠༣ ཚེས་ ༣༡ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༣། དུས་འགྱངས་ཟིན་པའི་རྒྱ་གར་གྱི་སྐྱབས་བཅོལ་ལག་འཁྱེར་གྱི་ངོ་བཤུས།
༤། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པ་ཚད་ལྡན་ཞིག་གིས་ངོས་སྦྱོར་ངོ་མ།
༥། ད་ལྟ་ལས་ཀ་བྱེད་མུས་ཡིན་ན་འབྲེལ་ཡོད་ནས་དགག་ཆ་མེད་པའི་ངོས་སྦྱོར་རྒྱབ་གཉེར་དགོས་རྒྱུ།
༦། གོང་གསལ་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་གནས་རིམ་ཡན་གྱི་དག་མཆན་དང་ལས་དམ་འགོད་དགོས།
ཕོགས་དང་མཐུན་རྐྱེན།
༡། གཉེར་པར་ཟླ་རེའི་གླ་ཕོགས་ཧིན་སྒོར་ ༢༠༩༧༩།༠༠ དང་ལས་ཤག་གི་མཐུན་འགྱུར་སྤྱི་མཚུངས་ལྟར་འཐོབ་རྒྱུ།
༢། མ་བྱན་ལ་ཟླ་རེའི་གླ་ཕོགས་ཧིན་སྒོར་ ༢༠༦༤༦།༠༠ དང་ལས་ཤག་གི་མཐུན་འགྱུར་སྤྱི་མཚུངས་ལྟར་འཐོབ་རྒྱུ།
གོང་གསལ་ཆ་རྐྱེན་ལྡན་ཞིང་སྲི་ཞུ་སྒྲུབ་བློ་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༣ ཟླ་ ༠༧ ཚེས་ ༢༥ ཕྱི་དྲོ་ཚོུད་ ༥ འགྱངས་མེད་འཚང་སྙན་འབུལ་ཟིན་པ་དགོས། ཐུགས་སྣང་དགོས་རྒྱུར་དོ་བདག་སོ་སོའི་སྡོད་གནས་ཁ་བྱང་དང༌། གློག་འཕྲིན་ཁ་བྱང༌། དེ་བཞིན་ཁ་པར་ཨང་གྲངས་སོགས་འབྲེལ་གཏུགས་ཞུ་སའི་ཞིབ་གནས་ཁག་ཞུ་སྙན་ནང་ཁ་གསལ་འཁོད་དགོས་པ་དང༌། ཡིག་ཆ་ངོ་མ་རྣམས་འབྱོར་ཐོ་འགོད་བཅར་སྐབས་མིག་སྟོན་དགོས་རྒྱུ། སླད་ཆ་རྐྱེན་ཚང་བའི་ཞུ་སྙན་པ་རྣམས་ལ་འདེམས་རྒྱུགས་ཀྱི་ཚེས་ཆ་སྐབས་མཚམས་འབྲེལ་ལམ་ཞུ་རྒྱུ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༧ ཚེས་ ༡༠ ལ།།
༼འཚང་སྙན་འབུལ་ཡུལ།༽
Secretary,
Department of Home
CTA Gangchen Kyishong
Dharamsala -176215 Distt. Kangra (HP)
Email <<[email protected]>> Telephone <01892-222214/222412>