༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༧ ཚེས་ ༢༡ བོད་ཟླ་ ༠༦ ཚེས་ ༠༤ ཆོས་འཁོར་དུས་ཆེན་ཉིན་བལ་ཡུལ་སྒོ་སོག་ཕུན་ཚོགས་ཆོས་གླིང་དགོན་དུ་ཞྭ་སེར་བསྟན་པའི་མཛེས་རྒྱན་མཚུངས་མེད་བྱང་རྩེ་ཆོས་རྗེ་༸སྐྱབས་རྗེ་སྒོ་སོག་རིན་པོ་ཆེ་མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་རྟེན་འབྱུང་དགའ་སྟོན་དང་འབྲེལ། རིན་པོ་ཆེ་མཆོག་གིས་ཕྱི་ནང་དད་ལྡན་སློབ་ཚོགས་རྣམས་ནས་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། ཕྱོགས་བཞུགས་སྤྱི་འཐུས། དོན་ཁང་གི་དྲུང་ཆེ་ཀརྨ་རྒྱལ་མཚན་ལགས། བལ་ཡུལ་ཁུལ་གྱི་ས་གནས་འགོ་འཛིན་རྣམ་པ་གཙོས་པའི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་ལས་སྣེ་རྣམ་པ། གཞན་ཡང་དགོན་སྡེ་དང་ཚོགས་སྐྱིད་ཁག་གི་སེར་སྐྱ་མི་མང་བཅས་ཚང་འཛོམས་ཐོག་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་། བརྟན་བཞུགས་བསྟར་འབུལ་གྱི་མཛད་རིམ་ལེགས་པར་གྲུབ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།