༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༦ ཉིན་ཏེ་༸སྐུའི་འཁྲུངས་སྐར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཞབས་ལོ་ཉེར་ལྔ་ཧྲིལ་པོ་འཁོར་བའི་ལས་བྱེད་དྲུག་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལེགས་གསོའི་གཟེངས་རྟགས་ཕྱག་འཁྱེར་གནང་ཡོད།
༡། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་དྲུང་ཆེ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་ལགས་ནི། ཕྱི་ལོ་ ༡༩༩༦ ཟླ་བ་ ༠༩ ཚེས་ ༠༧ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་དྲུང་ལས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༤ ཚེས་ ༠༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༧ ཚེས་ ༠༧ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༡༡ ཚེས་ ༡༥ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༩ ཚེས་ ༠༣ ནས་ལོ་ ༡ རིང་གཞུང་འབྲེལ་མིན་པའི་སློབ་སྦྱོང་དགོངས་ཞུས། ཕྱི་ལོ་ ༢༠༠༩ ཟླ་བ་ ༠༩ ཚེས་ ༠༣ ནས་ལས་འགན་རང་འཇགས་སུ་བསྐོ་གཞག ཕྱི་ལོ་ ༢༠༡༡ ཟླ་བ་ ༡༢ ཚེས་ ༡༩ ནས་ཉེ་ཧོང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༩ ཚེས་ ༠༩ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༦ ཚེས་ ༠༦ ནས་རྩིས་ཞིབ་ལས་ཁང་གི་དྲུང་ཚབ་ཏུ་བསྐོ་གཞག ཕྱི་ལོ་ ༢༠༡༨ ཟླ་བ་ ༡༠ ཚེས་ ༠༩ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གྱིས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེར་བསྐོ་གཞག ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༠༧ ནས་ཉིན་གྲངས་ ༦༡ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༦ ནས་ཉིན་གྲངས་ ༥༤ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༡༨ ནས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེར་ལས་འགན་རང་འཇགས་སུ་བསྐོ་གཞག་གིས་ཞབས་འདེགས་ཞུ་མུས།
༢། ཚོགས་དྲུང་བསོད་ནམས་རྡོ་རྗེ་ལགས་ནི། ཕྱི་ལོ་ ༡༩༩༣ ཟླ་བ་ ༠༦ ཚེས་ ༡༥ ནས་ཆོས་དོན་ལས་ཁུངས་ཀྱི་ཚོད་ལྟའི་དྲུང་ལས་སུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༤ ཟླ་བ་ ༠༤ ཚེས་ ༢༥ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༥ ཚེས་ ༠༡ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༩ ཚེས་ ༠༡ ནས་ལོ་གཉིས་ཙམ་གཞུང་མིན་སློབ་བསྐྱོད། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༨ ཚེས་ ༡༦ ནས་ལས་བྱེད་འདེམས་ལྷན་གྱི་དྲུང་གཞོན་དུ་གནས་སྤོས། ཕྱི་ལོ་ ༢༠༠༢ ཟླ་བ་ ༠༧ ཚེས་ ༠༢ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ཐེ་ཝན་སྐུ་ཚབ་དོན་ཁང་གི་ཟུང་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༤ ཟླ་བ་ ༠༨ ཚེས་ ༢༥ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༨ ཚེས་ ༠༡ ནས་ལོ་ ༢ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༨ ཟླ་བ་ ༠༨ ཚེས་ ༠༡ ནས་ཕྱི་དྲིལ་ལས་ཁུངས་སུ་ལས་འགན་རང་འཇགས་སུ་བསྐོ་གཞག ཕྱི་ལོ་ ༢༠༡༨ ཟླ་བ་ ༡༡ ཚེས་ ༠༢ ནས་དྲུང་འཕར་གནས་རིམ་དུ་གནས་སྤར། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༠༧ ནས་ཐེ་ཝན་སྐུ་ཚབ་དོན་གཅོད་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༠༡ ནས་བདེ་སྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༡ ཚེས་ ༠༡ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་དང་འབྲེལ་ཚོགས་དྲུང་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།
༣། བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་སྡེ་ཚན་གྱི་དྲུང་འཕར་ངག་དབང་རྣམ་རྒྱལ་ལགས་ནི། ཕྱི་ལོ་ ༡༩༩༦ ཟླ་བ་ ༠༩ ཚེས་ ༠༣ ནས་དྲུང་གཞོན་གནས་རིམ་དུ་བསྐོ་གཞག་གིས་བལ་ཡུལ་དོན་ཁང་གི་ཚོད་ལྟའི་དྲུང་གཞོན་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༩ ཚེས་ ༡༠ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༩ ཚེས་ ༡༥ ནས་ར་སོ་གྷི་རི་དང་ཝ་ལུང་ས་གནས་འགོ་འཛིན་གཅིག་ལྕོགས་སུ་བསྐ་གཞག ཕྱི་ལོ་ ༢༠༠༢ ཟླ་བ་ ༠༣ ཚེས་༠༡ ནས་ལོ་གཅིག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༠༤ ཟླ་བ་ ༠༥ ཚེས་ ༠༡ ནས་བདེ་སྲུང་བོད་གནས་ཉམས་ཞིབ་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་བ་ ༠༢ ཚེས་ ༡༧ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ཆོས་རིག་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༥ ཟླ་བ་ ༠༦ ཚེས་ ༡༦ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་ལས་གཞི་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༢ ཚེས་ ༠༦ ནས་ཟླ་གྲངས་གསུམ་རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༨ ཚེས་ ༠༤ ནས་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༧ ཟླ་བ་ ༠༦ ཚེས་ ༠༢ ནས་ཟླ་གཅིག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༢ ཚེས་ ༠༧ ནས་དྲུང་འཕར་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༧ ཚེས་ ༢༠ ནས་བཀའ་ཡིག་ཁྱབ་ཁོངས་བར་བརྒལ་ལས་བཀོད་སྡེ་ཚན་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།
༤། ནང་སྲིད་ཟུང་དྲུང་གས་གཞིས་ཀ་བསྟན་འཛིན་ཀུན་བཟང་ལགས་ནི། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༦ ཚེས་ ༠༥ ནས་ལས་དོའི་གནས་རིམ་དུ་བསྐོ་གཞག་གིས་ཏི་ཛུ་ས་འགོ་ལས་ཁུངས་ཀྱི་ཚོད་ལྟའི་ལས་དྲུང་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༩ ཟླ་བ་ ༠༡ ཚེས་ ༠༢ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༠ ཟླ་བ་ ༠༣ ཚེས་ ༠༡ ནས་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་་༢༠༠༢ ཟླ་བ་ ༠༡ ཚེས་ ༢༣ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱི་སིམ་ལ་བཟོ་གྲྭའི་རྩིས་པར་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༥ ཚེས་ ༡༦ ནས་ཧར་པ་སྤུར་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༠༦ ཟླ་བ་ ༡༢ ཚེས་ ༡༡ ནས་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༥ ཚེས་ ༡༩ ནས་རཇ་སྤུར་བུད་མེད་མཉམ་ལས་བཟོ་འགོར་གནས་སྤོས། ཕྱི་ལོ་ ༢༠༠༩ ཟླ་བ་ ༡༡ ཚེས་ ༠༥ ནས་དྲུང་ལས་གནས་རིམ་དུ་གནས་སྤར་གྱིས་སིམ་ལ་ས་གནས་འགོ་འཛིན་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་བ་ ༡༡ ཚེས་ ༡༧ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་ལས་གཞིའི་སྡེ་ཚན་དུ་གནས་སྤོས། ཕྱི་ལོ་ ༢༠༡༡ ཟླ་བ་ ༠༣ ནས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༡༦ ཟླ་བ་ ༠༢ ཚེས་ ༡༧ ནས་འཕྲོད་བསྟེན་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༢ ཚེས་ ༠༧ ནས་དྲུང་གཞོན་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༡ ཚེས་ ༠༡ ནས་ཟུང་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༢༢ ཟླ་བ་ ༠༩ ཚེས་ ༢༡ ནས་ནང་སྲིད་ལས་ཁུངས་སུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།
༥། བཀའ་དྲུང་ཡིག་ཚང་དྲུང་ལས་རྡོ་རྗེ་དཔལ་མོ་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་བ་ ༡༢ ཚེས་ ༢༢ ནས་གཞོན་དྲུང་གནས་རིམ་དུ་བསྐོ་གཞག་གིས་འབུམ་ལ་བསྟན་སྒང་གཞིས་ཆགས་ཀྱི་མཉམ་སྦྲེལ་ཚོད་ལྟའི་རྩིས་པའི་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༧ ཚེས་ ༡༦ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༢ ཚེས་ ༠༩ ནས་ས་ཊོན་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་དྲུང་དུ་གནས་སྤོས། ཕྱི་ལོ་ ༢༠༠༡ ཟླ་བ་ ༠༢ ཚེས་ ༠༩ ནས་རྒན་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༡ ཟླ་བ་ ༡༡ ཚེས་ ༡༥ ནས་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་གནས་སྤོས། ཕྱི་ལོ་ ༢༠༠༤ ཟླ་བ་ ༠༡ ཚེས་ ༠༢ ནས་ཉིན་གྲངས་ ༥༨ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་༢༠༠༤ ཟླ་བ་ ༠༨ ཚེས་ ༠༡ ནས་ཧུན་སུར་ས་གནས་འགོ་འཛིན་ལས་ཁུངས་སུ་གནས་སྤོར། ཕྱི་ལོ་ ༢༠༠༥ ཟླ་བ་ ༠༦ ཚེས་ ༠༤ ནས་ལས་དྲུང་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༦ ཟླ་བ་ ༠༡ ཚེས་ ༢༡ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་དུ་གནས་སྤོས། ཕྱི་ལོ་ ༢༠༠༨ ཟླ་བ་ ༠༦ ཚེས་ ༠༤ ནས་ལས་དོའི་གནས་རིམ་དུ་གནས་སྤར་གྱིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༡༢ ཟླ་བ་ ༠༡ ཚེས་ ༡༦ ནས་ཉིན་གྲངས་ ༡༦ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༣ ཟླ་བ་ ༠༢ ཚེས་ ༢༣ ནས་སྡེ་འགན་གནས་རིམ་དུ་གནས་སྤར་གྱིས་བཀའ་དྲུང་ཡིག་ཚང་དུ་གནས་སྤོས། ཕྱི་ལོ་ ༢༠༢༡ ཟླ་བ་ ༠༢ ཚེས་ ༠༤ ནས་དྲུང་ལས་གནས་རིམ་དུ་གནས་སྤར་འབྲེལ་བཀའ་དྲུང་ཡིག་ཚང་དུ་གནས་སྤོས་ཀྱིས་ཞབས་འདེགས་ཞུ་མུས།
༦། ལས་བྱེད་འདེམས་ལྷན་གྱི་ལས་བྱ་ཡིག་གད་མཁའ་འགྲོ་དབྱངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༧ ཟླ་བ་ ༠༨ ཚེས་ ༠༤ ནས་རྩིས་ཞིབ་ལས་ཁང་གི་ཚོད་ལྟའི་ལས་བྱ་ཡིག་གད་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༨ ཟླ་བ་ ༠༢ ཚེས་ ༢༡ ནས་ལས་བྱེད་ངོ་མར་བསྐོ་གཞག་གིས་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༣ ཟླ་བ་ ༠༦ ཚེས་ ༡༨ ནས་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱ་ཡིག་གད་དུ་གནས་སྤོས། ཕྱི་ལོ་ ༢༠༡༠ ཟླ་བ་ ༠༢ ཚེས་ ༠༦ ནས་ཉིན་གྲངས་ ༧ རིང་དམིགས་བསལ་ཕོགས་མེད་དགོངས་ཞུས། ཕྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༢༥ ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ལས་བྱ་ཡིག་གད་དུ་གནས་སྤོས་ཀྱིs་ཞབས་འདེགས་ཞུ་མུས་ཡིན་པ་བཅས། །