༄༅། །འདི་གར་སྦེལ་ཇམ་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༤ རེས་གཟའ་ཉི་མ་ཉིན་སྦེལ་ཇམ་སེར་བྱེས་ནང་པའི་རིག་གཞུང་ལྟེ་གནས་ཁང་གི་གོ་སྒྲིག་འོག་ཨན་ཊབ་ཏུ་རྟེན་གཞི་བྱས་པའི་སི་ཁོ་ཊན་ (Schoten) དགོན་པར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་སྐུ་བལྟམས་པ་དང་སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་གསུམ་འཛོམས་ཀྱི་དུས་ཚིགས་ཁྱད་པར་ཅན་འདིར་རྣམ་དཀར་གྱི་དགེ་བའི་ལས་ལ་འཇུག་པའི་སྲོལ་ལེགས་ཡོད་པ་ལྟར། དེ་ཉིན་ཞོགས་པ་སྨོན་ལམ་གསུང་འདོན་དང་ཉིན་རྒྱབ་ནང་ཆོས་བགྲོ་གླེང་བཅས་གོ་སྒྲིག་གནང་ཡོད། མཛད་སྒོའི་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་རྩིས་པ་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་ངོ་བཅར་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།