༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༣ ཉིན་སྦིར་ས་གནས་འཕྲོད་བསྟེན་སྨན་ཁང་དང་རྡ་རམ་ས་ལའི་ཨེ་པེག་སི་སྨན་ཁང་ཟུང་སྦྲེལ་ཐོག་སྦིར་ཁུལ་གྱི་བོད་མི་གྲངས་ ༡༣༥ ལ་རིན་མེད་འཕྲོད་བསྟེན་བརྟག་དཔྱད་གནང་ཡོད།
སྨན་བཅོས་བརྟག་དཔྱད་གནང་མཁན་སྨན་པའི་གྲས་སུ་སྙིང་ནད་ཆེད་ལས་པ་དང་། བྱིས་ནད་སྨན་པ། མོ་ནད་སྨན་པ། མིག་གི་སྨན་པ་སོགས་ནས་སྙིང་གི་འཕར་ཚད་དང་། བཅུད་རྫས། མངར་རྫས་མཐོ་དམན་སོགས་ཀྱི་བརྟག་དཔྱད་གནང་ཡོད་པ་བཅས།།