༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༦ ཉིན་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་ཀྱི་དགོན་སྡེ་དང་གཞིས་མི། སློབ་ཕྲུག་རྣམས་ལ་མཆིན་ནད་དུག་ཐབས་ཁ་པའི་བརྟག་དཔྱད་དང་སྔོན་འགོག་ཁབ་བརྒྱབ་རྒྱུའི་ལས་གཞི་སྤེལ་ཡོད་པ་རེད།
བརྟག་དཔྱད་སྐབས་ནད་རྟགས་མེད་རིགས་ལ་འགོག་ཁབ་བརྒྱབ་ཡོད་པ་དང་། ནད་རྟགས་ཐོན་རིགས་ལ་ནད་གཞིའི་ཛ་དྲག་ཆེ་ཆུང་རྟོགས་སླད་བརྟག་དཔྱད་འཕར་མ་ཁག་གནང་སྟེ། ཁྱོན་གཞིས་མི་གྲངས་ ༣༥༣ ལ་ལས་གཞི་འདི་བརྒྱུད་བརྟག་དཔྱད་གནང་ཡོད།
དེ་དང་འབྲེལ་ཏེ་འཕྲོད་བསྟེན་ལས་ཁུངས་ནས་ནད་པ་རྣམས་ལ་ལོ་རེར་རིན་མེད་མཇུག་སྐྱོང་བརྟག་དཔྱད་དང་། སྨན་དོད་བརྒྱ་ཆ་ལྔ་བཅུའི་རོགས་སྐྱོར་གནང་བཞིན་ཡོད། ལས་གཞི་འདིར་ཨ་རིའི་རོགས་ཚོགས་ (PRM) གྱིས་མཐུན་འགྱུར་སྦྱར་ཡོད་པ་བཅས།།