༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོདདོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བོད་ལུགས་གསོ་རིག་དང་དེང་རབས་སྨན་ལུགས་ཟུང་འབྲེལ་གྱི་ལས་གཞིའི་འོག་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༢༡ ནས་ ༣༠ བར་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་འགྲོ་ཕན་སྨན་རྩིས་མཐོ་སློབ་ཁང་དུ་དེང་རབས་སྨན་ལུགས་སྨན་པ་དང་སྨན་ཞབས་རྣམས་ལ་བོད་ཀྱི་གསོ་བ་རིག་པའི་ངོ་སྤྲོད་ཟབ་འཁྲིད་ཅིག་གོ་སྒྲིག་གནང་ཡོད། ཟབ་ཁྲིད་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་ཟུང་འབྲེལ་ལས་གཞིའི་འབྲེལ་ལས་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་ཟབ་སྦྱོང་འདིའི་རྒྱབ་ལྗོངས་གལ་གནད་ངོ་སྤྲོད་ཞུས་རྗེས་མཐོ་སློབ་སློབ་སྤྱི་སྨན་དགེ་རྡོ་རྗེ་རབ་བརྟན་ལགས་ཀྱིས་ཟབ་སྦྱོང་གོ་སྒྲིག་དང་འབྲེལ་བའི་གསུང་བཤད་གནང་།མཛད་སྒོའི་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཉིན་གྲངས་བཅུའི་ཟབ་ཁྲིད་འདི་དོན་དང་ལྡན་པ་ཡོང་གལ་ཆེ་བའི་སྐོར་གསུང་བཤད་གནང་ཡོད། ཟབ་ཁྲིད་འདིར་ཁྱོན་ས་གནས་གྲངས་དགུ་ནས་སྨན་པ་དང་སྨན་ཞབས་གྲངས་ ༡༡ མཉམ་ཞུགས་གནང་ཡོད་པ་དང་། ཉིན་གྲངས་བཅུའི་ཟབ་ཁྲིད་ནང་ཁྱོན་གསུང་བཤད་གནང་མཁན་སྨན་པ་གྲངས་ ༡༣ ནས་གཞུང་ཁྲིད་ཚོགས་ཐེངས་ ༢༠ དང་། ལག་ལེན་ཚོགས་ཐེངས་ ༡༠ བཅས་ཚོགས་ཐེངས་གྲངས་ ༣༠ ཡོད་པ་བཅས།།
གསར་གནས།
འབྲེལ་གནས།