༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་སྦིར་དང་ཅོན་ཏ་ར་བོད་མིའི་གཞིས་ཆགས་སུ་རྟོག་ཞིབ་གཟིགས་སྐོར་ལ་ཕེབས་ཏེ་ས་གནས་འགོ་འཛིན་དང་། སྦིར་བོད་ཚོགས་ཀྱི་ཚོགས་གཙོ། སྦིར་བོད་ཚོགས་ཀྱི་ས་འཐུས་ཚོགས་གཙོ། ས་གནས་འཕྲོད་བསྟེན་སྨན་ཁང་གི་དྲུང་ཆེ་བཅས་དང་ལྷན་མཇལ་འཕྲད་གནང་ཡོད།
སྐབས་དེར་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་སྦིར་བོད་ཚོགས་ཀྱི་ཚོགས་གཙོ་དང་ལྷན་དུ་ས་གནས་འཕྲོད་བསྟེན་སྨན་ཁང་གི་ལས་ཤག་ཉུང་དྲགས་པའི་དཀའ་ངལ་ཐེ་བའི་གནད་དོན་ཁག་གཅིག་ཐོག་གྲོས་མོལ་གནང་ཞིང་། དེ་རྗེས་ས་གནས་འཕྲོད་བསྟེན་སྨན་ཁང་དང་། ས་གནས་སུ་ལག་བསྟར་གནང་བཞིན་པའི་ལས་གཞི་ཁག་གཅིག་ལ་གཟིགས་ཞིབ་གནང་ཡོད། འཕྲོད་བསྟེན་དྲུང་ཆེ་དང་ལྷན་དུ་འཕྲོད་བསྟེན་ལས་འཆར་ཚན་པའི་འགན་འཛིན་ཡང་ལྷན་བཅར་གནང་ཡོད་པ་བཅས།།