༄༅། ། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༡༩ ནས་ཟླ་བ་གཅིག་རིང་བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་ཁང་དུ་རྒྱ་གར་བྱང་ཤར་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཀ་སྦུག་དང་། རྡོར་གླིང་། སྒང་ཏོག་བཅས་ནས་དགེ་འདུན་པ་གྲངས་ལྔ་ལ་འཕྲོད་བསྟེན་ལས་མིའི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ཀྱི་ཟབ་སྦྱོང་ཞིག་གོ་སྒྲིག་གནང་བཞིན་ཡོད།
ཟླ་གྲངས་གཅིག་གི་ཟབ་སྦྱོང་སྐབས་སྨན་པ་དབང་གྲགས་ལགས་དང་། སྨན་ཞབས་ཚེ་རིང་བདེ་སྐྱིད་ལགས། ཕྱི་ལུས་བཅོས་ཐབས་པ་བསྟན་འཛིན་ཡིད་དགའ་ལགས་ནས་སློབ་སྟོན་གནང་གི་ཡོད་པ་བཅས།།