༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༥ ཉིན་དཔལ་ལྡན་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ནང་པའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་ཐུན་མོང་གི་གོ་སྒྲིག་འོག་སློབ་གྲྭའི་དབྱར་གའི་གུང་སེང་དང་སྟབས་བསྟུན་ཟླ་བ་གཅིག་རིངནས་ཡིག་རྒྱུགས་གྲུབ་འབྲས་མཛད་སྒོར་དེ་གའི་གྲྭ་ཚང་གི་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་དང་། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས། དབུ་ཆོས་རྣམ་པ་དང་ཕྱག་མཛོད་བགྲེས་པ། སློབ་སྤྱི་གཙོས་པའི་སློབ་ཁྲིད་གནང་མཁན་དགེ་བའི་བཤེས་གཉེན་རྣམ་པ། གྲོོང་སྡེ་བཅུའི་སྤྱི་མི། སློབ་ཕྲུག་དང་ཕ་མ་བཅས་མཉམ་ཞུགས་གནང་ཡོད།ཟུར་སྦྱོང་འཛིན་གྲྭ་འདི་ཉིད་ཀྱི་རྒྱབ་ལྗོངས་དང་དགོས་དམིགས་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གཞིར་བཟུང་དཔལ་ལྡན་འབྲས་སྤུངས་སྒོ་མང་ནང་པའི་རིག་གཞུང་ཚོགས་པ་དང་སློབ་གྲྭ་ཐུན་མོང་ནས། ཕྱི་ལོ་ ༡༩༩༧ ལོ་ནས་ཕྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༥ བར་འདས་པའི་ལོ་ངོ་ ༢༧ རིང་མོན་གྷོའི་གྲོང་སྡེ་བཅུའི་གྲོང་སྡེ་རེ་རེའི་འཛིན་རིམ་དང་པོ་ནས་བཅུ་གཉིས་བར་གྱི་སློབ་མ་རྣམས་ལ་བོད་ཀྱི་རིག་གནས་གོང་སྤེལ་ཡོང་སླད་ནང་ཆོས་ངོ་སྤྲོད་དང་རིགས་ལམ། སྐད་ཡིག སྦྱོར་ཀློག དེ་བཞིན་ཡིག་གཟུགས་སོགས་ཀྱི་ཟུར་འཁྲིད་གནང་བཞིན་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།