༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༥ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཀརནཱ་ཊཀ་མངའ་སྡེའི་སྒོ་ཕྱུགས་དང་དར་སྲིན་གསོ་སྐྱོང་བློན་ཆེན་སྐུ་ཞབས་ཀེ་ཝེན་ཀཱ་ཊེཤ་ (K Venkatesh) མཆོག་དང་མཇལ་འཕྲད་ཀྱིས་མངའ་སྡེའི་གཞུང་ནས་བོད་མི་རྣམས་ལ་མཐུན་འགྱུར་དང་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།སྐབས་དེར་ནང་སྲིད་དྲུང་ཆེ་དང་ལྷན་དུ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། ལུགས་བདེ་གཉིས་ཀྱི་ས་གནས་འགོ་འཛིན་དང་ལས་དྲུང་། ས་གནས་མཉམ་འབྲེལ་གྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། བརྒྱ་དཔོན་བཅས་ལྷན་བཅར་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།