༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༠༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས་རྣམ་གཉིས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆས་སུ་ཕྱོགས་ཕེབས་ལེགས་པར་གྲུབ་རྗེས་ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་ཡོད།
ཧུན་སུར་རབ་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ས་གནས་ཀྱི་དགོན་སྡེ་ཁག་དང་། སོ་ནམ་ལས་འཆར་ས་ཚིགས། ལྷག་པར་དུ་འབྲུག་དབྱིབས་ཤིང་ཏོག་ (Dragon fruits) འདེབས་ཡུལ་དུ་ཕེབས་ཏེ་ཀརནཱ་ཊཀ་མངའ་སྡེ་གཞུང་ནས་བོགས་མར་བཏང་བའི་ས་ཆ་རྣམས་ཚུལ་མཐུན་བེད་སྤྱོད་བྱེད་ཐུབ་མིན་གཟིགས་ཞིབ་གནང་བ་མ་ཟད། ས་གནས་འགོ་འཛིན་དང་ས་ཁང་ཚོགས་ཆུང་། གཞིས་མི་དང་ལྷན་དུ་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་བཅས།།