༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༡༨ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་སྤེ ན་པ་ཚེ་རིང་མཆོག་སིཌ་ནི་ཁུལ་གྱི ་གཞོན་སྐྱེས་གྲངས་བརྒྱ་ལྷག་དང་མཇལ་ འཕྲད་ཀྱིས་བོད་ཀྱི་རྒྱལ་རབས་ལོ་ རྒྱུས་དང་། ས་བབ་ཆགས་སྟངས། ཁོར་ཡུག་གནས་སྟངས་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟ ངས་སོགས་ངོ་སྤྲོད་སྙིང་བསྡུས་ གནང་རྗེས་བོད་པའི་གཞོན་སྐྱེས་རྣ མས་ནས་བོད་ཀྱི་ལོ་རྒྱུས་ལ་དོ་སྣ ང་དང་། དེའི་ཆེད་བོད་དོན་དང་འབྲེལ་བའི་ དེབ་གང་མང་བལྟ་ཀློག་དགོ ས་པ། དེ་བཞིན་བོད་དོན་ཞུ་གཏུ ག་ལས་འགུལ་ནང་མཉམ་ཞུགས་བྱེད་ གལ་བཅས་ལམ་སྟོན་གསུང་བཤད་གནང་གྲུ བ་རྗེས་ན་གཞོན་ཁག་གཅིག་གིས་དྲི་ བར་ལན་འདེབས་གནང་།
ཉིན་གུང་ཉེ་ལམ་ཕྱི་ཟླ་བཞི་པའི་ ནང་བཞུགས་སྒར་དུ་ཆེད་ཕེབས་གནང་ བའི་ཨོསྟྲེ་ལི་ཡའི་གྲོས་ཚོགས་ འཐུས་མི་ལྕམ་སྐུ་སོ་ཕི་ཨི་སི་ཀེམ་ (Dr. Sophie Scamps ) མཆོག་གིས་དཔལ་ལྡན་སྲིད་སྐྱོང་ མཆོག་ལ་ཆེ་བསྟོད་ཀྱི་གསོལ་སྟོན་ ཞིག་འདེགས་འབུལ་ཞུས་པའི་ནང་ས་ གནས་ཀྱི་གནད་ཡོད་མི་སྣ་དང་། བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་ བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་ལྕམ་སྐུ་སོ་ཕི་ཨི་སི་ཀེམ་མཆོག་གིས་བཞུ གས་སྒར་དུ་ཕེབས་སྐབས་གཙོ་བོ་སྤྱི ་ནོར་༸གོང་ས་༸སྐྱབས་མགོན་མཆོག་གིས་ མཇལ་ཁ་སྩལ་བར་ཧ་ཅང་ དགའ་ཚོར་ཆེན་པོ་བྱུང་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ གི་མཛད་གཙོ་རྣམ་པ་དང་། གཞན་ཡང་གཞུང་དང་གཞུང་ཁོངས་མ་ མིན་པའི་ཚོགས་སྡེ་ཁག་ཏུ་གཟིགས་ སྐོར་བྱེད་རྒྱུའི་གོ་སྐབས་བྱུང་བ་ སོགས་ཀྱི་མྱོང་ཚོར་ངོ་སྤྲོད་གནང་རྗེས་དཔལ་ལྡན་སྲིད་སྐྱོང་ མཆོག་གིས་ཆེ་བསྟོད་ཀྱི་གསོལ་སྟོ ན་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ ཞུས་པ་དང་འབྲེལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟ ངས་དང་། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི ་གལ་གནད་དང་འབྲེལ་བའི་བོད་ཀྱི་ ས་བབ་ཆགས་ཚུལ་དང་། གཙང་པོ་ཁག་ཁྱིམ་མཚེས་རྒྱལ་ཁབ་ ཁག་ལ་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
ཉིན་རྒྱབ་ཨོསྟྲེ་ལི་ཡའི་སི་ཌི་ནི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་ནང་ཆེད་ཕེབས་ཀྱིས་གཙུག་ལག་སློབ་ ཁང་གི་ (South Asia Pacific Research Group & Discipline of Social and Political Sciences) ཞེས་པའི་སྡེ་ཚན་གྱི་གོ་སྒྲིག་འོག་ “བོད་རྒྱའི་དཀའ་རྙོག་སེལ་རྒྱུ་ ནི་འཛམ་གླིང་ཞི་བདེར་གལ་ཆེ་ཆགས་ ཡོད།” ཅེས་པའི་བརྗོད་གཞིའི་ཐོག་གསུང་ བཤད་གནང་ཡོད། འདུ་འཛོམས་དེའི་ཐོ ག་རྒྱ་ནག་མང་གཙོ་དོན་གཉེར་བ་དང་ ། མཁས་དབང་། རྩོམ་པ་པོ་ཁག་གཅིག སིཌ་ནི་བོད་རྒྱའི་མཛའ་ཚོགས་ཀྱི་ ཚོགས་མི་བཅས་མཉམ་ཞུགས་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་ མཆོག་གིས་བོད་དེ་རྒྱལ་རབས་ལོ་རྒྱུ ས་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ ཞིག་ཡིན་པ་དང་། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་ དེ་བཞིན་དབུ་མའི་ལམ་གྱི་སྲིད་བྱུ ས་འོག་ནས་སེལ་ཐབས་གནང་བཞིན་ཡོད་ སྐོར། གཞན་ཡང་བོད་མིའི་སྒྲིག་ འཛུགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་ ཤིག་གནང་ཡོད་པ་བཅས།།