

ཉིན་རྒྱབ་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་བའི་སྙིང་པོར། སྐབས་ ༡༦ པའི་བཀའ་ཤག་གི་སྤྱི་ཡོངས་ཀྱི་དགོངས་པ་བཞེས་ཕྱོགས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གཞིར་བཞག་གིས་ཕྱག་ལས་གནང་བཞིན་སྐོར། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་བརྟན་པོ་ཇི་ལྟར་བཟོ་ཐབས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་རྒྱུན་གནས་ཐུབ་ཐབས་དང་བོད་མི་མི་ཉུང་བ་ཞིག་ལ་སྡོད་ཁང་གི་དཀའ་ངལ་འཕྲད་བཞིན་པར་སེལ་ཐབས། ཕྱི་ལོ་ ༢༠༠༨ ནས་བོད་ནས་གསར་དུ་ཕེབས་མཁན་ཧ་ཅང་ཉུང་དུ་སོང་སྐོར། སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་དོ་སྣང་དང་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར། རྒྱལ་སྤྱིའི་སྟེང་བོད་དོན་གནས་བབ་མཐོ་རུ་གཏོང་ཐབས་སུ་འབད་བརྩོན་གནང་བཞིན་པ། ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་ངོ་སྤྲོད་སྙིང་བསྡུས་དང་། གལ་ཏེ་དོན་སྨིན་བྱུང་ཚེ་རྒྱལ་ཁབ་གཞན་ལའང་དེ་མཚུངས་ཞུ་གཏུག་རེ་སྐུལ་གནང་རྒྱུ་ཡིན་ལུགས་སོགས་གསུངས།
མཛད་སྒོ་གྲུབ་མཚམས་མང་ཚོགས་ཁྲོ