༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༦ ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེནྜ་ཁུལ་གྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་བ།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་ མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག ་གི་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་བརླག་ཏུ་གཏོང་བཞིན་ པའི་ཛ་དྲག་གནས་སྟངས། དེ་བཞི ན་བོད་ཀྱི་ཆོས་དང་རིག་གཞུང་གི་ གལ་གནད། བོད་ཀྱི་ཁོར་ཡུག་སྲུ ང་སྐྱོབ་བྱེད་རྒྱུའི་གལ་གནད་སྐོར་གསུངས་ཡོད་པ་མ་ཟད། རིང་ མིན་ནིའུ་ཛི་ལེནྜ་སྲིད་བློན་ མཆོག་རྒྱ་ནག་ཏུ་འཚམས་གཟི གས་ཕེབས་གཏན་ཁེལ་ཡོད་པར་སོང་། ཁོང་གིས་ འབྲེལ་ཡོད་རྒྱ་ནག་དཔོན་རིགས་ཁག་དང་ མཉམ་བོད་ཀྱི་གནད་དོན་སྐོར་གླེང་ སློང་གནང་རྒྱུའི་རེ་འདུན་ཞུས་རྗེས་ཨིས་ཊོབ་(Stuff)གསར་འགྱུར་ལས་ཁང་གི་གསར་འགོད་པ་ཐོ་མ་སི་(Thomas Manch)ལགས་ཀྱི་བཅར་འདྲིར་དང་ལེན་དང་། དེ་ནས་དཔལ་ལྡ ན་སྲིད་སྐྱོང་མཆོག་གྲོས་ཚོགས་ཚོ གས་ཁང་དུ་གཟིགས་སྐོར་དུ་གདན་ཞུ ་གནང་ཡོད།
གོང་གསལ་མཇལ་མོལ་སྐབས་ཨོ་གླིང་སྐུ་ཚབ་དོ ན་གཅོད་ཀརྨ་སེང་གེ་ལགས་དང་། ས་གནས་ཨོག་ལེཌ་བོད་རིགས་མཐུན་ཚོ གས་ཀྱི་ཚོགས་གཙོ་། སྲིད་སྐྱོང་འཚམས་གཟིགས་གོ་སྒྲི ག་ཚོགས་ཆུང་གི་ཚོགས་གཙོ་བཅས་ མཉམ་ཞུགས་གནང་ཡོད། ནིའུ་ཛི་ལེནྜ་རྒྱལ་ ཁབ་ནང་གི་གཞུང་འབྲེལ་མཛད་འཆར་ ཁག་ལེགས་གྲུབ་ཟིན་རྗེས་ཚེས་ ༡༧ སྔ་དྲོ་ཨོསྟྲེ་ལི་ཡཱ་གྲོང་ཁྱེ ར་སིཌ་ནིར་ཕེབས་ཐོན་གནང་རྒྱུ་ཡི ན་པ་བཅས།།
གསར་གནས།
འབྲེལ་གནས།