༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནིའུ་ཛི་ལེནྜ་གྱི་གྲོང་ཁྱེར་ཨོག་ལེན་ཌི་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་ཡོད།
དེ་ཡང་ཐོག་མར་ནིའུ་ཛི་ལེནྜ་གཞུང་གི་རླུང་འཕྲིན་ཁང་དང་། ཉིན་རེའི་གསར་ཤོག་ (New Zealand Herald) ཞེས་པ་གཉིས་ཀྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་ཞིང་། ཉིན་རྒྱབ་ནིའུ་ཛི་ལེནྜ་གྱི་གྲོང་ཁྱེར་ཨོག་ལེན་ཌི་རུ་རྟེན་གཞི་བྱས་པའི་དཔལ་སྤུངས་ཆོས་ཚོགས་སུ་ཁུལ་དེར་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྐགཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མུ་མཐུད་ནིའུ་ཛི་ལེནྜ་གྱི་གྲོང་ཁྱེར་ཨོག་ལེན་ཌ་ནང་རྟེན་གཞི་བྱས་པའི་ (Ellerslie War Memorial Hall) ཞེས་པའི་ཚོགས་ཁང་ནང་དགོང་ཚིགས་རྒྱས་སྟོན་དང་འབྲེལ་མཛད་སྒོ་ཞིག་ཚོགས་པའི་ཐོག་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་དྲག་
སྐབས་དེར་ནིའུ་ཛི་ལེནྜ་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་དང་། ནིའུ་ཛི་ལེནྜ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་པོ་སྐུ་ཞབས་ཨ་ཡན་རཱ་ཝིལ་ (Ian Ravell) མཆོག་གིས་གསུང་བཤད་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། (Friends of Tibet) བོད་ཕྲུག་རོགས་སྐྱོར་ཚོགས་པ། (Tibetan Children Relief Society) བོད་རྒྱ་མཛའ་འབྲེལ་ཚོགས་པ་ (Chinese-Tibetan Friendship Association) བཅས་ཀྱི་ཚོགས་མི་རྣམས་ནས་སོ་སོའི་ཚོགས་པའི་སྐོར་ངོ་སྤྲོད་གནང་ཡོད།
མཛད་སྒོའི་ཐོག་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས།ནིའུ་ཛི་ལེནྜ་བོད་རིགས་མཐུན་ཚོགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། མན་ཇུ་རིག་གཞུང་ཚོགས་པ་བཅས་ཀྱི་ཚོགས་མི་རྣམས་དང་། ཆོས་སྡེ་ཁག་གི་སློབ་ཕྲུག་སོགས་ཕེབས་ཡོད་ཅིང་། མཛད་སྒོ་དེ་བཞིན་ཨོག་ལེན་ཌིའི་བོད་རིགས་མཐུན་ཚོགས་ནས་གོ་སྒྲིག་ཞུས་ཡོད་པ་བཅས།།