༄༅། །རཇ་སྤུར་བོད་ཀྱི་བེུད་མཉམ་ལས་བཟོ་གྲྭའི་ལས་མི་དང་། ལས་བྱེད། ཚོགས་པའི་མི་མང་ཡོངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༦ ཚེས་ ༡༣ ས་ག་ཟླ་བའི་ཚེས་ ༢༥ ཉིན་༸རྒྱལ་བའི་སྐུ་ཕྱྭ་དང་། བོད་ཀྱི་བསྟན་སྲིད་བདེ་ཐབས། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་ཕྱིར་དང། ཚོགས་པའི་མི་མང་ཡོངས་ཀྱི་བར་ཆད་བཟློག་སླད་དེ་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༧ ནས་རྒྱུན་མ་ཆད་པར་མུ་མཐུད་ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༧།༠༠ བར་མི་གྲངས་ ༥༠ ལྷག་ཙམ་མཉམ་ཞུགས་ཐོག་ཚོགས་པའི་དགོན་པའི་ནང་འདུ་འཛོམས་ཀྱིས་སྒྲོལ་མ་མཚན་འདོན་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།