༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་ཇི་ལྟར་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྟར། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོག་ཤིང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན་༸རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་གིས་ས་ག་ཟླ་བའི་ཚེས་ ༨ དང་། ཕྱི་ཟླ་ ༥ ཚེས་ ༢༧ རེས་གཟའ་སྤེན་པ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཚོགས་ཆེན་དུ་དད་ལྡན་ཆོས་ཞུ་བ་ ༣༥༠༠ བརྒལ་བར་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་དང་། ནང་ཆོས་ངོ་སྤྲོད་གནང་ཡོད།དགའ་ལྡན་བླ་སྤྱི་ནས་ད་ལན་གྱི་རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་དང་། ནང་ཆོས་ངོ་སྤྲོད་སྐབས་ཚོགས་ཁང་། དེ་བཞིན་སྤྱི་ཡོངས་ཀྱི་གྲ་སྒྲིག་དང་། ཤར་བྱང་གྲྭ་ཚང་ཐུན་མོང་ནས་མཐུན་འགྱུར་གང་ལེགས་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།