༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཏུར་ཀིའི་སྲིད་འཛིན་གསར་པ་རེ་སེབ་ཏེ་ཡིབ་ཨིར་དོ་གན་ (Recep Tayyip Erdoğan) མཆོག་ལ་འཚམས་འདྲི་གནང་འདུག
དེ་ཡང་མཚམས་འཕྲིན་ནང་མགོན་པོ་མཆོག་གིས། དེང་གི་དཀའ་སྡུག་ཆེ་བའི་དུས་སྐབས་འདིར་ཏུར་ཀི་མུ་མཐུད་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཏེ་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་ཡོད།
སྐུ་ཉིད་ནས་ཏུར་ཀིའི་མི་མང་སྤྱི་དང་ཡང་སྒོས་སྤྱི་ཚོགས་ཁྲོད་ཀྱི་འཁོས་ཞན་ཚོའི་མངོན་འདོད་དང་རེ་བ་དང་སྒྲུབ་ཆེད་འབྱུང་འགྱུར་གྱི་དཀའ་ངལ་རྣམས་ལ་གདོང་ལེན་བྱ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད་པ་བཅས།།