༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༥ ཉིན་རྡ་ས་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་མེག་ལོ་གྷན་ཇི་སྤྱི་སྦྱོད་རླང་འཁོར་འབབ་ཚུགས་དབུ་འབྱེད་སྐབས་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུཀ་བིནྡར་སིངྒ་སུག་ཀུ་ (Sukhvinder Singh) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་དིར་ཤར་མ་ (Sudhir Sharma) ལགས་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་ས་གནས་འགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་མངའ་སྡེ་གཞུང་ནས་རྡ་ས་གནས་སྡོད་བོད་མི་རྣམས་ལ་མཐུན་འགྱུར་གང་ལེགས་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་ཞུས་པ་དང་ཆབས་ཅིག་སླད་མར་ཡང་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཅས། །