༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༣ ནས་ ༢༦ བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་མཆིན་ནད་དུག་ཐབས་ཁ་པའི་ལས་གཞིའི་འོག་བདེ་སྐྱིད་གླིང་དང་། དོན་གྲུབ་གླིང་། ལྡི་ལི་བཅས་སུ་མཆིན་ནད་དུག་ཐབས་ཁ་པའི་བརྟག་དཔྱད་དང་གོ་རྟོགས་སྤེལ་ཡོད་པ་རེད།
དེ་ཡང་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ས་སྐྱ་མཐོ་སློབ་དང་། འབྲས་སྤུངས་བཙུན་དགོན། སྨིན་གྲོལ་གླིང་དགོན་པ་བཅས་སུ་ནད་གཞིའི་གོ་རྟོགས་བརྟག་དཔྱད་དང་། དེ་བཞིན་ལས་གཞིའི་སྤུས་ཚད་ཐོག་ལའང་དཔྱད་ཞིབ་གནང་བ་མ་ཟད། ནད་པ་དང་ཐུག་འཕྲད་ཀྱིས་མཆིན་ནད་དུག་ཐབས་ཁ་པའི་སྐོར་གོ་རྟོགས་ཇི་ཡོད་རྒྱུས་ཡོད་གནང་ཡོད་པ་རེད།
མཆིན་ནད་དུག་ཐབས་ཁ་པའི་བརྟག་དཔྱད་དང་། སྔོན་འགོག་ཁབ། མཇུག་སྐྱོང་སྨན་བཅོས་སོགས་ཀྱི་མཐུན་འགྱུར་ཨ་རིའི་རོགས་སྐྱོར་ (PRM) ནས་གནང་ཡོད་པ་བཅས།།