༄༅། །འདི་གར་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༥ དང་ ༢༦ བཅས་ཉིན་གྲངས་གཉིས་རིང་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་དང་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་ཚངས་པ་ལགས་བར་རྩིས་སྤྲོད་རྩིས་ལེན་གནང་ཡོད་པ་དང་། སྐབས་དེར་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏེ་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་ཀྱིས་སྤྲོད་དཔང་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༥ ཉིན་སྤྲོད་དཔང་ཏེ་ཛུ་དར་རྒྱས་གླིང་གི་ས་གནས་འགོ་འཛིན་ཀུན་དགའ་འཇིགས་མེད་ལགས་ཀྱི་མདུན་དུ་ས་གནས་འགོ་འཛིན་གསར་རྙིང་བར་མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གཞུང་འབྲེལ་ཡིག་ཆ་ཁག་དང་། འཛིན་ཆས་ཁག་རེ་རེ་བཞིན་རྩིས་སྤྲོད་རྩིས་ལེན་དང་ས་གནས་འགོ་འཛིན་རྡོ་རྗེ་རིག་འཛིན་ལགས་ཀྱིས་ས་གནས་ཀྱི་ལས་དོན་འཇུག་སྐྱོང་བྱས་ཟིན་པ་དང་བྱ་རྒྱུ་ལྷག་པ་བཅས་ཡིག་ངག་གཉིས་ཀའི་ཐོག་ནས་ངོ་སྤྲོད་གནང་ཡོད། ཕྱི་ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ ཐོག་ཞབས་སྟེགས་བརྗེ་ལེན་གྱི་མཛད་སྒོ་གྲུབ་མཚམས་མི་མང་ཚོགས་འདུ་ཆེན་མོའི་ནང་ས་གནས་འགོ་འཛིན་ཟུར་པ་རྡོ་རྗེ་རིག་འཛིན་ལགས་ཀྱིས་མང་ཚོགས་ལ་རྩིས་སྤྲོད་རྩིས་ལེན་མཇུག་སྒྲིལ་སྐོར་དང་ས་གནས་འགོ་འཛིན་གསར་པ་ངོ་སྤྲོད་དང་ལྷན་ལས་དོན་མཇུག་སྐྱོང་ཁག་གསལ་བཤད་དང་། སྤྲོད་དཔང་ནས་རྩིས་སྤྲོད་རྩིས་ལེན་སྐ