༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཀྱི་ལུས་ཁམས་བདེ་ཐང་དང་འཆམ་མཐུན་འབྲེལ་ལམ་དམ་ཟབ་ཡོང་སླད་ལོ་ལྟར་དབུས་ཀྱི་ལྷན་ཁང་ནང་ཁུལ་སི་སྤོལ་རྩེད་འགྲན་ཞུ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༥ ནས་ཕྱི་ཚེས་ ༢༥ བར་དབྱར་ཁའི་ལྷན་ཁང་ནང་ཁུལ་སི་སྤོལ་རྩེད་འགྲན་ཞུས་ཏེ། མཐའ་མའི་རྩེད་འགྲན་དེ་བཞིན་ཕྱི་ཚེས་ ༢༥ ཉིན་བུའི་སྡེ་ཚན་ཁོངས་ཕྱི་དྲིལ་ལས་ཁུངས་དང་། དཔལ་འབྱོར་ལས་ཁུངས་གཉིས་བར་འགྲན་ཏེ་མཐའ་མའི་རྒྱལ་ཁ་དཔལ་འབྱོར་ལས་ཁུངས་ལ་ཐོབ་ཡོད་པ་དང་། བུད་མེད་སྡེ་ཚན་ཁོངས་ཕྱི་དྲིལ་ལས་ཁུངས་དང་ལྷན་ཁང་གཞན་ཁག་ཅིག་གི་མཉམ་སྦྲེལ་རུ་ཁག་བར་འགྲན་ཏེ་ཕྱི་དྲིལ་ལས་ཁུངས་ནས་རྒྱལ་ཁ་བླངས་ཡོད་པ་རེད།
རྩེད་འགྲན་གྲུབ་མཚམས་བོད་མི་མང་སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་ཀྱིས་རྩེད་འགྲན་པ་རྣམས་ལ་མཇལ་དར་དང་གཟེངས་རྟགས་གནང་ཡོད་པ་བཅས།།