༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༤ ནང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་མེའོ་ཆོས་འཕེལ་གླིང་དང་། ར་ཝང་ལ་ཀུན་ཕན་གླིང་། སྦན་ད་ར་ནོར་རྒྱས་གླིང་བཅས་སུ་བོད་མིའི་རྒྱང་བཅོས་ལས་གཞིའི་སྐོར་གོ་རྟོགས་སྤེལ་གནང་ཡོད།
ལས་གཞིའི་དམིགས་ཡུལ་གཙོ་བོ་ནི། སྨན་ཁང་དང་ས་ཐག་རིང་བའི་ས་གནས་བོད་མི་མང་ཚོགས་ལ་རྒྱང་བཅོས་ལས་གཞིའི་སྐོར་གོ་རྟོགས་སྤེལ་སླད་ཡིན་ཞིང་། ལྷག་པར་སྨན་ཁང་གི་མཐུན་རྐྱེན་དེ་ཙམ་མེད་མཁན་གྱི་ས་གནས་བོད་མི་རྣམས་ལ་མཚོན་ན་ལས་གཞི་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་པ་བཅས། །