༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༩ ནས་ ༡༧ བར་ཧི་མ་ཅཱལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཤིབ་པྲ་ཏཔ་ཤུག་ལཱ་ (Shiv Pratap Shukla) མཆོག་དང་། ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་སུཁ་ཝིནྡར་སིངྒ་སུ་ཁུ་ (Sukhvinder Singh Sukhu) མཆོག་གིས་གཙོས་པའི་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་སིམ་ལ་ཁུལ་དང་། ཀུལླུ། མ་ནཱ་ལཱི། པ་ཀུལ། རྡོ་སྦི། བྷུན་ཏར། གཡུ་ལོ་བཀོད། སྤོན་ཌོ་བཀྲ་ཤིས་གླིང་། མན་ཌི། མཚོ་པདྨ། བཀྲ་ཤིས་ལྗོངས་བཅས་ཀྱི་བོད་མིའི་གཞིས་ཆགས་དང་བོད་མིའི་འདུ་སྡོད་ཁག་ཏུ་འཚམས་གཟིགས་སོགས་ཀྱི་སླད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་ཁེལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།