༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༡༤ རེས་གཟའ་ཉི་མ་ཉིན་ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཕ་རན་སིའི་གྲོང་ཁྱེར་ཨ་མི་ཡེན་ (Amiens) བོད་རིགས་ཚོགས་པས་འབོད་སྐུལ་ཞུས་དོན་བཞིན་ས་གནས་སུ་ཆེད་ཕེབས་ཀྱིས་བོད་རིགས་རྣམས་དང་། ས་གནས་སུ་རྒྱུན་དུ་རོགས་པ་གནང་མཁན་ཨ་མ་གཡུ་ལོ་ལགས་དང་ཐུག་འཕྲད་གནང་ཡོད། དེ་ཡང་ས་གནས་མི་མང་ལྷན་འཛོམས་ཐོག་ཚོགས་གཙོ་དབྱངས་འཛོམས་ལགས་དང་ཚོགས་གཞོན་རྟ་མགྲིན་ལགས་ནས་ས་གནས་ཀྱི་ལས་བསྡོམས་སྙན་སྒྲོན་གནང་རྗེས་ཕ་རན་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་མང་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེ་དགོངས་གཞི་དང་གཞུང་འབྲེལ་གསལ་བསྒྲགས་ཁག པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་འགྲེལ་བརྗོད་གནང་རྗེས་བོད་མིའི་དཔྱ་དངུལ་བསྡུ་འགོ་བཙུགས་ཏེ་དཔྱ་དངུལ་ཕུལ་མཁན་གྲངས་ ༦༨ དང་། དཔྱ་དེབ་གསར་བཟོ་ཐོ་འགོད་གནང་མཁན་ ༢༥ བྱུང་ཡོད།སྤྱིར་ས་གནས་བོད་རིགས་ཚོགས་པས་ཞུས་དོན་ལྟར་ན་ཨ་མི་ཡེན་ཁུལ་དུ་བོད་རིགས་ཐོ་འགོད་ཡོད་པ་རྒས་གཞོན་བསྡོམས་མི་གྲངས་བརྒྱ་དང་སུམ་ཅུ་ཙམ་དང་། གྲངས་ཐོ་ནང་མེད་པ་སུམ་ཅུ་བཅས་ཁྱོན་བསྡོམས་བོད་པ་བརྒྱ་དང་དྲུག་ཅུ་ཙམ་ཡོད་འདུག་པ་བཅས། །
གསར་གནས།
འབྲེལ་གནས།