༄༅། །འདི་གར་མོན་གྷོ་འདོད་རྒུ་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་བསྟུན་ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༣༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་སྐུ་མགྲོན་གཙོ་བོ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཀརནཱ་ཊཀ་མངའ་སྡེ་གཞུང་གི་གཞུང་ལམ་འཛུགས་སྐྲུན་ལྷན་ཁང་ (Public Work Development) ནས་དཔལ་ལྡན་འབྲས་སྤུངས་ཁུལ་གྱི་གཞུང་ལམ་མི་ཊར་ ༡༩༥༠ བཟོ་བཅོས་སླད་རོགས་དངུལ་འབུམ་ ༢༠༠ དང་། མངའ་གཞུང་གྲོང་གསེབ་ཡར་རྒྱས་ལྷན་ཁང་ (Rural Development & Panchayat Raj) ནས་གཞིས་གྲོང་ ༣ ནས་ ༩ བར་གཞུང་ལམ་མི་ཊར་ ༡༨༥༠ གསར་བཟོ་ཆེད་རོགས་དངུལ་འབུམ་ ༩༤ གནང་སྟེ་ཨར་འདམ་གྱི་གཞུང་ལམ་གསར་རྒྱག་དབུ་འབྱེད་གནང་ཡོད། སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས། ནང་སྲིད་ཟུང་དྲུང་བསྟན་འཛིན་ཀུན་བཟང་ལགས། འཁོར་ལམ་ཚོགས་མི། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་བཅས་མཉམ་ཞུགས་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།