༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༢༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གནས་འཁོད་ཨ་རིའི་གཞུང་ཚབ་གསར་པ་སྐུ་ཞབས་ཨི་རིག་གྷར་སི་ཊི་ (Eric Garcetti) མཆོག་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་གནང་ཡོད།
དེ་ཡང་འཚམས་འཕྲིན་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ང་ཚོས་གོ་སྐབས་འདི་བརྒྱུད་ཨ་རི་གཞུང་དམངས་གཉིས་ནས་བོད་མིར་རྒྱབ་སྐྱོར་གཡོ་མེད་གནང་བ་མ་ཟད། གྲོས་མོལ་ལམ་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་སླད་ཐུགས་ཁུར་ཆེ་བཞེས་གནང་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
ཕྲན་ནས་རྒྱ་གར་གཙོ་བོར་གྱུར་པའི་ལྷོ་ཨེ་ཤི་ཡའི་ནང་གནས་སྡོད་སྐྱབས་བཅོལ་བོད་མི་རྣམས་ཀྱི་བདེ་དོན་ཆེད་ཨ་རིའི་གཞུང་ཚབ་ཁང་དང་འབྲེལ་ལམ་ཇེ་ཉེར་གཏང་རྒྱུ་མཚོན་པའི་སྐུ་ཉིད་ཀྱི་ཁྱད་དུ་འཕགས་པའི་དབུ་ཁྲིད་འོག་ང་ཚོའི་བར་གྱི་རྒྱུན་རིང་གི་མཛའ་འབྲེལ་སྲ་བརྟན་གཏང་རྒྱུའི་རེ་འདོད་ཆེན་པོ་ཡོད། ཅེས་གསུངས་ཡོད་པ་བཅས།།