༄༅། །འདི་གར་ཐའེ་བོད་ཀྱི་སྐུ་ཚབ་དོན་གཅོད་
དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་ཐའེ་ཝན་ཞོན་ཙང་གཙུག་ལག་སློབ་གཉེར་ཁང་དུ་སྐུའི་ཁྲུས་གསོལ་མཛད་སྒོ་རྒྱ་ཆེ་ཞིག་འཚོགས་པར། འབྲེལ་ཡོད་ཤིང་ཙུའུ་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དང་། རྒྱ་གར་གྱི་གཞུང་ཚབ་གཞོན་པ། གཞན་ཡང་ཞོན་ཙང་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་གཙོས་པའི་འབྲེལ་ཡོད་དགེ་རྒན་ལས་བྱེད་དང་སློབ་ཕྲུག་བརྒྱ་ཕྲག་མང་པོ། བོད་བརྒྱུད་དང་རྒྱ་བརྒྱུད། ལྷོ་བརྒྱུད་ཀྱི་དགེ་འདུན་པ་བརྒྱ་ལྷག་འཛོམས་སར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
དེ་བཞིན་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཐའེ་ཝན་ཚེ་ཅི་དགེ་རྩ་ལྷན་ཚོགས་ནས་ཐའེ་པེ་རང་དབང་ཐང་ཆེན་དུ་མི་ངོ་གཉིས་ཁྲི་ལྷག་འཛོམས་པའི་སྐུའི་ཁྲུས་གསོལ་མཛད་སྒོར། ཐའེ་ཝན་གྱི་སྲིད་འཛིན་དང་སྲིད་འཛིན་ཟུར་པ་གཙོས་པའི་གནད་ཡོད་མི་སྣ་དང་། ཕྱི་རྒྱལ་གཞུང་ཚབ་ཁང་ཁག་ཡོད་པའི་སྡིངས་ཆར་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱང་གདན་ཐོབ་འདྲ་མཉམ་ཐོག་གདན་འདྲེན་ཞུས་ཏེ་སྡིངས་ཆའི་སྒང་ལ་བཞུགས་ཡོད་པ་དང་། དོན་ཁང་གི་ལྟ་གྲུབ་རྒན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེའང་གདན་འདྲེན་ཞུས་ཏེ་སྐྱབས་གནས་དགེ་འདུན་གྱི་སྡེ་སྟོང་ཚོ་བརྒལ་སའི་གྲལ་མགོར་བཞག་སྟེ་ཆེ་མཐོང་ཆེན་པོ་ཕུལ་བ་ཡོད་པ་བཅས། །
ཐའེ་ཝན་སྐུ་ཚབ་དོན་གཅོད་སྟོན་པའི་ཁྲུས་གསོལ་དུས་ཆེན་ལ་ཞུགས་པ།
གསར་གནས།

འབྲེལ་གནས།
