༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་ཕུལ་བྱུང་བྱ་དགའ་དང་དགའ་ལྡན་ཕོ་བྲང་བྱ་དགའི་གསལ་བསྒྲགས་སྤེལ་བའི་ནང་། དགའ་ལྡན་ཕོ་བྲང་བྱ་དགའི་ཁོངས་སུ་ཚོང་ལས་སྡེ་ཚན་གྱི་ཨང་རིམ་གསུམ་པ་བརྒྱ་ཆ་ ༩༡ ལོན་པའི་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་དབྱངས་ཞེས་འགོད་ནོར་བྱུང་འདུག་པར་དགོངས་སེལ་དང་སྦྲགས། དེའི་ཚབ་ཏུ་བརྒྱ་ཆ་ ༩༡་༢ ལོན་པའི་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་དཔལ་ལྡན་ཞེས་ནོར་བཅོས་གནང་ཕྱོགས་ཡོང་བ་ཞུ། འདི་གའི་གྲངས་མཛོད་ནང་སྡེ་ཚན་སོ་སོའི་བརྒྱ་ཆ་གཞིར་བཟུང་གི་ཐོ་གཞུང་ཕྱོགས་བསྡུས་སྐབས་ཚོང་ལས་སྡེ་ཚན་གྱི་ཐོ་གཞུང་ནང་ནོར་འཁྲུལ་ཐོན་འདུག་པ་བཅས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༩ ཉིན།།
གསར་གནས།
འབྲེལ་གནས།