༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ གྲོས་ཆོད་ཨང་ ༢༠༢༣།༡༧།༥།༥ ཡིག་ཆ་ཨང་ ༣༣ པར་གསལ་བ་བཞིན། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟི ན་ཆེད་ཚོགས་མི་ལྔ་ལས་གྲུབ་པའི་ ཆེད་འཛུགས་ཚོགས་ཆུང་ཞིག་བསྐོ་ འཛུགས་གནང་དགོས་ཞེས་གསལ་བ་ལྟར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི ་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ལ་བསྐོ་གཞག་བཀོད་ཁྱབ་གནང་ བ་དང་། དེ་རིང་ཕྱི་ཚེས་ ༡༧ ཉིན་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ བཅས་དངོས་སུ་ལྷན་འཛོམས་དང་། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ལ་དྲྭ་ལམ་ནས་གོ་བསྡུར་གྱིས་ཚོ གས་ཆུང་གི་ཚོགས་གཙོར་སྤྱི་འཐུས་ ཟླ་བ་ཕུན་སྐྱིད་ལགས་དང་། ཚོགས་དྲུང་སྤྱི་འཐུས་གསེར་རྟ་ཚུ ལ་ཁྲིམས་ལགས་བསྐོ་གཞག་གནང་ཡོད།
ཉིན་རྒྱབ་ཚོགས་ཆུང་གི་ཚོགས་མི་ རྣམས་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ འི་སར་ཆེད་བཅར་གྱིས་ལས་དོན་བྱེ ད་ཕྱོགས་ཀྱི་ལམ་སྟོན་ཞུས་རྗེས། ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟི ན་གྱི་ལས་དོན་དངོས་སུ་འགོ་འཛུ གས་གནང་ཡོད།
ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ ནང་། གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོ ས་ཆོད་དགོངས་དོན་ལྟར་ཚོགས་ཆུང་ དེས་བཙན་བྱོལ་བོད་མིའི་བཅའ་ཁྲི མས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོ ག་ད་དུང་གསལ་ཁ་དགོས་ངེས་ཡོད་པར་ བསྐྱར་བཅོས་ཇི་དགོས་དང་། དེ་འབྲེལ་ཁྲིམས་སྒྲིག་གཞན་ཁག་ ལའང་བསྐྱར་བཅོས་ཇི་དགོས་བསྐྱར་ ཞིབ་གནང་ནས་བསྐྱར་བཅོས་ཟིན་བྲི ས་བཟོ་འགོད་གནང་ཕྱོགས་གོ་བསྡུར་ གྱིས་ཚོགས་ཆུང་གི་གྲུབ་དོན་སྙན་ ཐོ་དང་འཆར་འབུལ་གྱི་ཟིན་བྲིས་ བཅས་ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ཟླ་མཇུག་ཏུ་སྤྱི་འཐུས་ཚོགས་ དྲུང་ལས་ཁུངས་སུ་ཕུལ་ཟིན་པ་དགོ ས་རྒྱུ་ཡིན་པ་བཅས། །