༄༅། །སྐབས་ ༡༦ པའི་བཀའ་ཤག་གི་ཕུགས་དམིགས་ཡིག་ཆའི་ (Vision Paper) ནང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དེ་གློག་རྡུལ་བརྒྱུད་ལམ་དང་གྲངས་རིག་ཅན་ (E-governance & Digitization) དུ་བསྒྱུར་རྒྱུའི་ལས་འཆར་འོག དཔལ་འབྱོར་ཀམ་པུ་ཀྲར་སྡེ་ཚན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་གྲངས་མཛོད་དང་དྲྭ་ཚིགས་བཟོ་ལས་པར་ (full-stack developer) རྣམས་ལ་གཤམ་འཁོད་ལས་གཞི་རྣམས་བོགས་གཏོང་ཞུ་རྒྱུ་ཡིན་ན། འདོད་བློ་ཡོད་རིགས་ནས་གཤམ་གསལ་ཆ་རྐྱེན་ཚང་བའི་ཐོག་ནས་ (QR Code) ཡང་ན་ (Google form) ཞིབ་བཀང་གིས་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༤ མི་འགྱངས་བར་འབུལ་འབྱོར་ཟིན་པ་དགོས་ཤིང་། དོ་བདག་ནས་ཞིབ་ཕྲའི་འཆར་འབུལ་མ་བླངས་གོང་འདི་ནས་ལས་གཞིའི་ཞིབ་ཕྲ་འགྲེལ་བརྗོད་ཞུ་རྒྱུ་དང་། མཐའ་མའི་འདེམས་སྒྲུག་དེ་བོགས་ལེན་ཞུ་སྙན་པའི་འཆར་འབུལ་ལ་གཞི་བཅོལ་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།
ཨང་། | ལས་གཞིའི་མིང་། | བཟོ་ལས་པ་གྲངས། | གདམ་ཀ། |
༡ | School E-Portal | ༡ | Laravel/Django, React JS/Next JS |
༢ | Green Book Process Digitization | ༢ | Prefer work experience in .NET 5.0, C# & React JS
(if not) Laravel/Django, React JS/Next JS |
༣ | CTA Budgetary Process Digitization | ༢ | Laravel/Django, React JS/Next JS |
༤ | Voter Registration Management System | ༡ | Laravel/Django, React JS/Next JS |
༥ | Knowledge Management System | ༡ | Laravel/Django, React JS/Next JS |
དཔལ་འབྱོར་ཀམ་པུ་ཊར་སྡེ་ཚན།
དབུས་བོད་མིའི་སྒྲིག་འཛུགས།
འབྲེལ་གཏུག་ཁ་བྱང་།
གློག་འཕྲིན།: [email protected]
ཁ་པར་ཨང།: Rinzin: +91-8353049170 | Tashi Paljor: +91-7018406075